ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > ངེད་ཀྱི་སྐོར།

རེབ་གོང་ཤེས་རིག་གླིང་གི་སྒྲིག་ཡིག

སྤེལ་དུས། 2013-03-16 11:10:50  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

ལེའུ་དང་པོ། སྤྱིའི་དོན་རགས་བསྡུས།

དོན་ཚན་དང་པོ། མིང་། རེབ་གོང་ཤེས་རིག་གླིང་།
དོན་ཚན་གཉིས་པ། ངོ་བོ། མི་སྒེར་གྱིས་བསྒྲུབས་པའི་ཁེ་བཟང་མི་གཉེར་བའི་སྤྱི་ཚོགས་ཀྱི་རྩ་འཛུགས།
དོན་ཚན་གསུམ་པ། དམིགས་ཡུལ ། རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་དང་སྲིད་ཇུས་བཅས་ལ་བརྩི་སྲུང་བྱེད་པ། སྤྱི་ཚོགས་ཀྱི་ཀུན་སྤྱོད་བཟང་བོར་བརྩི་སྲུང་བྱེད་པ། མི་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ། སློབ་གསོའི་བྱ་བར་རྒྱབ་སྐྱོར་བྱེད་པ། རིག་གནས་འཕེལ་རྒྱས་སུ་གཏོང་བ་དང་། སློབ་གསོའི་བྱ་བར་གཞོགས་འདེགས་བྱེད་པ། ས་ཁུལ་འདི་རྒྱལ་ཡོངས་བོད་ཀྱི་རིག་གནས་ཀྱི་གནས་གཞི་ཨང་དང་པོ་རུ་འཛུགས་སྐྲུན་བྱེད་པ།
དོན་ཚན་བཞི་པ། ཚོགས་པར་བལྟ་རྟོག་བྱེད་མཁན་གྱི་གཙོ་གཉེར་ལས་ཁུངས་ནི། ཐུན་རིན་རྫོང་རིག་གནས་ལུས་རྩལ་རྒྱང་བསྒྲགས་ཅུའུ་དང་ཐུན་རིན་རྫོང་དམངས་
སྲིད་ཅུས།
དོན་ཚན་ལྔ་བ། སྡོད་གནས། མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་རེབ་གོང་ཤེས་རིག་གླིང་། (རོང་བོ་དཀྱིལ་ལམ་གྱི་སྒོ་རྟགས་ཨང་279)

ལེའུ་གཉིས་པ། ལས་རིགས་ཀྱི་ཁྱབ་ཁོངས།

དོན་ཚན་དྲུག་པ། ལས་རིགས་ཀྱི་ཁྱབ་ཁོངས། རེབ་གོང་སློབ་གསོའི་བྱ་བར་རྒྱབ་སྐྱོབ་བྱེད་པ་དང་། ས་གནས་གྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ཀྱི་ལས་གཞི་སྣ་ཚོགས་སྒྲུབ་ཏེ་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་སུ་གཏོང་བ།
(གཅིག) རེབ་གོང་བོད་ཁུལ་གྱི་སློབ་གསོའི་རྨང་གཞིའི་གནས་ཚུལ་ལ་རྟོག་ཞིབ་བརྒྱུད་དེ་འབྲེལ་ཡོད་སློབ་གསོའི་སྐོར་གྱི་རྒྱུ་ཆ་བསྡུ་ལེན་དང་དབྱེ་ཞིབ་བྱས་ཏེ་རེབ་
གོང་སློབ་གསོའི་རྨང་གཞི་མཐོར་འདེགས་སུ་གཏོང་བ།
(གཉིས) མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་རྣམ་གྲངས་སྤེལ་བ།
(གསུམ)མི་རིགས་སློབ་གྲྭར་གཞོགས་འདེགས་སྒོས་དབྱར་དགུན་གནང་སྐབས་སུ་བོད་ཡིག་དང་དབྱིན་ཡིག་རྒྱ་ཡིག་གི་གསབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ།
(བཞི) རིག་གནས་ཞབས་ཞུ་ལྟེ་གནས་ནས་འཆད་ཁྲིད་དང་ལྒིང་རྟགསསྤེལ་བ།
(ལྔ) རེབ་གོང་བོད་ཁུལ་སློབ་གསོ་ཞིབ་འཇུག་བྱེད་པ་འཚོལ་བསྡུ་དང་དག་སྒྲིག
རེབ་གོང་བོད་ཁུལ་དམངས་ཁྲོད་ཀྱི་ཤུལ་བཞགས་རིག་གནས། དམངས་ཁྲོད་རྩོམ་རིག དམངས་ཁྲོད་ལུས་རྩལ་བྱ་འགུལ་སྔོག་འདོན་དང་སྲུང་སྐྱོབ་བྱས་ཏེ་འཇིག་ཉེན་ལྡན་པའི་མི་རིགས་རིག་གནས་མྱུར་སྐྱོབ་བྱེད་པ།
(དྲུག ) རེབ་གོང་ས་ཁུལ་ནས་(ཨ་མའི་རེ་བ)་ཐེབས་རྩ་ཚོགས་པ་བརྒྱུད་དེ། དཀའ་ཁག་ཅན་གྱི་སློབ་པ་དང་ལོ་ལོན་རྒན་པ། དབང་བོ་སྐྱོན་ཅན་བྱིས་པར་རོགས་སྐྱོར་བྱེད་པ།
(བདུན) གནའ་བོའི་ཡོ་བྱད་འགྲེམ་སྟོན་དང་འོད་སྡེར་དང་སྒྲ་ཐག་བསྡུ་གསོག་བྱེད་པ།
(བརྒྱད) གནའ་དེང་གི་དཔེ་ཆ་བསྡུ་གསོག་དང་གསར་རྩོམ་འགྲེམ་སྤེལ་བྱ་བ་སྒྲུབ་པ།

ལེའུ་གསུམ་པ། ཚོགས་མི།

དོན་ཚན་བདུན་པ། ཚོགས་པ་འདིའི་ཚོགས་མི་ལ་ལས་ཁུངས་ཀྱི་ཚོགས་མི་དང་སྒེར་གྱི་ཚོགས་མི་རིགས་གཉིས་ཡོད། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། ཚོགས་མི་བཅས་ཀྱི་གྲུབ་ཡོད།
དོན་ཚན་བརྒྱད་པ། ཚོགས་པའི་ཚོགས་མིར་ཞུགས་པའི་སྙན་ཞུ་ལ་གཤམ་གྱི་ཆ་རྐྱེན་དག་ངེས་བར་དུ་ཚང་དགོས།
(གཅིག) ཚོགསས་པའི་སྒྲིག་ཡིག་ལ་བརྩི་བཀུར་བྱེད་པ།
(གཉིས)ཚོགས་པར་ཞུགས་པའི་རེ་བ་ཡོད་པ།
(གསུམ) ཚོགས་པའི་ལས་རིགས་ཀྱི་ཁྱབ་ཁོངས་སུ་ནུས་བ་ངེས་ཅན་འདོན་ཐུབ་མཁན།
དོན་ཚན་དགུ་བ། ཚོགས་མི་ཚོགས་པར་ཞུགས་པའི་སྒྲིག་ཡིག།
(གཅིག)ཚོགས་པར་ཞུགསས་པའི་སྙན་ཞུ་ཡི་གེ་བརྒྱུད་འབུལ་བྱེད་པ།
(གཉིས)ལས་འཛིན་ལྷན་ཚོགས་ཀྱི་དཔྱད་བསྡུར་བརྒྱུད་པ།
གསུམ། ལུས་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འཛིན་ཡིག་གནང་བ།
དོན་ཚན་བཅུ་བ། ཚོགས་མིའི་སྤྱད་ཆོག་པའི་དབང་ཆ།
(གཅིག)ཚོགས་པ་འདིའི་འདེམ་བསྐོའི་དབང་དང་།གདམ་བྱའི་དབང་། ཐག་གཅོད་པའི་དབང་ཆ་བཅས་ཡོད།
(གཉིས)ཚོགས་པའི་བྱ་འགུལ་ནང་ཞུགས་ཆོག་པ།
(གསུམ)ཚོགས་པའི་བྱ་བར་སྐྱོན་བརྗོད་དང་ལྟ་སྐུལ་བྱེད་པའི་དབང་ཆ་ཡོད།
(བཞི)ཚོགསས་པར་ཞུགས་པ་རང་འཐད་དང་ཕྱིར་འབུད་བྱེད་པ་རང་དབང་ཡིན།
དོན་ཚན་བཅུ་གཅིག་པ། ཚོགས་མིས་ལག་བསྟར་བྱེད་དགོས་པའི་འོས་འགན།
(གཅིག)ཚོགས་པའི་ཆོད་དོན་ལྟར་བསྒྲུབ་པ།
(གཉིས)ཚོགས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ།
(གསུམ)ཚོགས་པས་སྤྲད་པའི་བྱ་བ་ཡོངས་འགྲུབ་བྱེད་པ།
(བཞི་བ)ཚོགས་པའི་གནས་ཚུལ་ལོ་རྒྱུས་ལོན་བྱས་ཏེ། འབྲེལ་ཡོད་རྒྱུ་ཆ་མཁོ་སྤྲོད་བྱེད་པ།
དོན་ཚན་བཅུ་གཉིས་པ། ཚོགས་མི་ཕྱིར་འབུད་བྱེད་པར་ངེས་བར་དུ་ཡིག་ངོས་ནས་ཚོགས་པར་བརྡ་སྦྱོར་བྱེད་པ་ དང་། ཚོགས་མི་ལོ་གཅིག་གི་ནང་ཚོགས་པའི་བྱ་འགུལ་ལ་མ་ཞུགས་ན། རང་འགུལ་གྱིས་ཕྱིར་ཕུད་པ་ཡིན།
དོན་ཚན་བཅུ་གསུམ་པ། གལ་ཏེ་ཚོགས་མིས་ཚོགས་པའི་སྒྲིག་ཡིག་ལ་རྒྱབ་འགལ་ཚབས་ཆེན་བྱེད་པའི་བྱ་སྤྱོད་ཡོད་ན་ལས་འཛིན་ལྷན་ཚོགས་དང་ཡང་ན་རྒྱུན་ལས་ལས་འཛིན་ཚོགས་པས་ཕྱིར་ཕུད་བྱས་ཆོག།

ལེའུ་བཞི་བ། ཚོགས་པའི་འགན་འཁུར་མི་སྣ་འདེམ་པ་དང་གོ་གནས་འབེབས་པ།

དོན་ཚན་བཅུ་བཞི་བ། ཚོགས་པའི་ཆེས་མཐོ་བའི་དབང་ཆའི་སྒྲིག་གཞི་ནི་ཚོགས་མིའི་ ཚོགས་ཆེན་ཡིན།(ཡང་ན་ཚོགས་མིའི་འཐུས་མི་ཚོགས་ཆེན)ཚོགས་མིའི་ཚོགས་ཆེན་(ཡང་ན་ ཚོགས་མིའི་འཐུས་མི་ཚོགས་ཆེན)གྱི་འགན་དབང་ནི།
(གཅིག)སྒྲིག་ཡིག་གཏན་ལ་འབེབ་པ་དང་བཟོ་བཅོས་བྱེད་པ།
(གཉིས)ལས་འཛིན་པ་འདེམ་བསྐོ་དང་གོ་གནས་འབེབས་པ།
(གསུམ)ལས་འཛིན་ཚོགས་པའི་བྱ་བ་དང་ནོར་སྲིད་ཀྱི་སྙན་ཞུ་བལྟ་རྟོག་བྱེད་པ།
(བཞི་བ)ལས་དོན་ཐག་གཅོད་པ།
(ལྔ་བ)ལས་དོན་ཆེ་ཁག་གཞན་དག་ཐག་གཅོད་པ།
དོན་ཚན་བཅོ་ལྔ་བ། ཚོགས་མིའི་ཚོགས་ཆེན་(ཡང་ན་ཚོགས་མིའི་འཐུས་མི་ཚོགས་ཆེན)ལ་སུམ་ཆའི་གཉིས་ཡན་གྱི་ཚོགས་མི་(ཡང་ན་ཚོགས་མིའི་འཐུས་མི་)ཞུགས་ན་ད་བཟོད་ཚོགས་འདུ་ བསྡུས་ཆོག་གྲོས་ཆོད་ལ་ངེས་བར་དུ་ཚོགསས་མི་(ཚོགས་མིའི་འཐུས་མི་)མང་ཤོས་ཞུགས་པ་བརྒྱུད་ནས་ཐག་བཅད་ན་ནུས་པ་ཡོད་པར་བརྩི།
དོན་ཚན་བཅུ་དྲུག་པ། ཚོགས་མིའི་ཚོགས་ཆེན་(ཡང་ན་ཚོགས་མིའི་འཐུས་མི་ཚོགས་ཆེན)ལོ་གཉིས་ཀྱི་ནང་ཐེངས་རེར་ཚོགས་པ། (ཚོགས་མིའི་ཚོགས་ཆེན་ནམ་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་རེ་རེའི་བར་ལོ་ལྔ་ལས་མི་བརྒལ་བ)དམིགས་བསལ་གྱི་གནས་ཚུལ་འོག་དགོས་མཁོ་ལྟར་དུས་ཚོད་སྔ་གཞུག་ལ་སྣུར་བ་དང་དེ་ལས་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་བརྒྱུད་དགོས། གཙོ་གཉེར་ལས་ཁུངས་ཀྱི་ཞིབ་བཤེར་དང་ཚོགས་པའི་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་འཐད་པ་ བྱུང་བའི་མཆོག་མཆན་བརྒྱུད་དགོས། འོན་ཀྱང་དུས་ཚོད་ཕྱིར་འཐེན་བྱས་པས་ཚོགས་འདུའི་ དུས་ཚོད་ཆེས་རིང་ཡང་ལོ་གཅིག་ལས་མི་བརྒལ་བ།
དོན་ཚན་བཅུ་བདུན་པ། ལས་འཛིན་ལྷན་ཚོགས་ནི་ཚོགས་མིའི་ཚོགས་ཆེན་(ཡང་ན་ཚོགས་མིའི་འཐུས་མི་ཚོགས་ཆེན)ལག་བསྟར་བྱེད་པའི་སྒྲིག་གཞི་ཞིགཡིན། ཚོགས་འདུ་མཇུག་བསྡུ་བའི་སྐབས་སུ་མགོ་ཁྲིད་ཀྱིས་རྒྱུན་ལྡན་ལྟར་བྱ་བ་རྒྱ་ཆེར་སྤེལ་ནས་ཚོགས་མིའི་ཚོགས་ཆེན(ཡང་ན་ཚོགས་མིའི་འཐུས་མི་ཚོགས་ཆེ)ལ་འགན་འཁུར་དགོས།
དོན་ཚན་བཅོ་བརྒྱད་པ། ལས་འཛིན་ལྷན་ཚོགས་ཀྱི་འགན་དབང་ནི།
(གཅིག)ཚོགས་མིའི་ཚོགས་ཆེན་(ཡང་ན་ཚོགས་མིའི་འཐུས་མི་ཚོགས་ཆེན)གྱི་གྲོས་ཆོད་ལག་ བསྟར་བྱེད་པ།
(གཉིས)ལས་འཛིན་ཚོགས་གཙོ་དང་ལས་འཛིན་ཚོགས་གཙོ་གཞོན་པ ། དྲུང་ཡིག་པ་བཅས་ འདེམ་བསྐོ་བྱེད་པ་དང་གོ་གནས་འབེབས་པ།
(གསུམ)ཚོགས་མིའི་ཚོགས་ཆེན(ཡང་ན་ཚོགས་མིའི་འཐུས་མི་ཚོགས་ཆེན)ཚོགས་པར་གྲ་སྒྲིག་བྱེད་པ།
(བཞི)ཚོགས་མིའི་ཚོགས་ཆེན(ཡང་ན་ཚོགས་མིའི་འཐུས་མི་ཚོགས་ཆེན)གྱི་བྱ་བ་དང་ནོར་སྲིད་གནས་ཚུལ་ཡར་ཞུ་བྱེད་པ།
(ལྔ)ཚོགས་མི་ཡར་འཐེན་དང་ཕྱིར་འབུད་བྱེད་པར་ཐག་གཅོད་པ།
(དྲུག)དྲུང་ཡིག་པ་གཞོན་པ་དང་ལས་ཁུངས་སོ་སོའི་འགན་འཁུར་བའི་གདན་ཞུས་ལས་བསྐོ་བ་ཐག་གཅོད་པ།
(བདུན)ནང་ཁུལ་གྱི་དོ་དམ་ལམ་ལུགས་གཏན་འཁེལ་བྱས་ཏེ། ལས་རིམ་བྱ་བ་སྤེལ་བ།
(བརྒྱད)ལས་རིགས་ཆེ་ཁག་གཞན་དག་ཐག་གཅོད་པ།
དོན་ཚན་བཅུ་དགུ་བ། ལས་འཛིན་ལྷན་ཚོགས་ཀྱིས་ངེས་བར་དུ་སུམ་ཆའི་གཉིས་ཡན་གྱི་ལས་འཛིན་པ་ཞུགས་ན་ཚོགས་འདུ་བསྡུས་ཆོག གྲོས་ཆོད་ལ་ངེས་བར་དུ་སུམ་ཆའི་གཉིས་ཡན་གྱི་རྒྱུན་ལས་ལས་ འཛིན་ཚོགས་པ་བརྒྱུད་ནས་ཐག་གཅོད་ན་ད་གཟོད་ནུས་པ་ཡོད་པར་བརྩི།
དོན་ཚན་ཉི་ཤུ་བ། ལས་འཛིན་ལྷན་ཚོགས་དེ་ལོ་རེར་ཉུང་མཐར་ཡང་ཐེངས་གཅིག་ལ་འཚོགས་པ། དམིགས་བསལ་གྱི་་གནས་ཚུལ་ཡོད་ན་འཕྲིན་ཡིག་གི་རྣམ་པ་སྤྱད་ནས་ཀྱང་ཚོགས་འདུ་བསྡུས་ཆོག
དོན་ཚན་ཉེར་གཅིག་པ། ཚོགས་པས་རྒྱུན་ལས་ལས་འཛིན་ལྷན་ཚོགས་བསྐོ་འཇོག་བྱེད་པ།
(ལས་འཛིན་པའི་མི་གྲངས་ཅུང་མང་བའི་དུས་རྒྱུན་ལས་ལས་འཛིན་ལྷན་ཚོགས་བསྐོ་འཇོག་ བྱེད་ཆོག)རྒྱུན་ལས་ལས་འཛིན་ལྷན་ཚོགས་ནི་ལས་འཛིན་ལྷན་ཚོགས་པའི་འདེམས་བསྐོ་བརྒྱུད་ནས་བྱུང་བ་དང་། ལས་འཛིན་པའི་ཚོགས་འདུ་མཇུག་བསྡུ་བའི་བར་སྐབས་སུ་དོན་ཚན་བཅོ་བརྒྱད་པའི་ནང་གསེས་གཅིག གསུམ། ལྔ། དྲུག བདུན། བརྒྱད། དགུ་བཅས་ཀྱི་འགན་དབང་ལག་ལེན་བྱེད་པ་ནི་ལས་འཛིན་ལྷན་ཚོགསས་པས་འགན་འཁུར་དགོས། (རྒྱུན་ལས་ལསའཛིན་པའི་མི་གྲངས་ལས་འཛིན་པའི་མི་གྲངས་ཀྱི་སུམ་ཆའི་གཅིག་ལས་བརྒལ་མི་ཆོག)
དོན་ཚན་ཉེར་གཉིས་པ། རྒྱུན་ལས་ལས་འཛིན་ལྷན་ཚོགས་ལ་ངེས་བར་དུ་སུམ་ཆའི་གཉིས་ཡན་གྱི་རྒྱུན་ལས་ལས་འཛིན་པ་ཞུགས་ན་ཚོགས་འདུ་བསྡུས་ཆོག གྲོས་ཆོད་ལ་ངེས་བར་དུ་2/3ཡན་གྱི་རྒྱུན་ལས་ལས་འཛིན་ཚོགས་པ་བརྒྱུད་ནས་ཐག་གཅོད་ན་ད་གཟོད་ནུས་པ་ཡོད་པར་བརྩི།
དོན་ཚན་ཉེར་གསུམ་པ། རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཉུང་མཐའ་ཡང་ལོ་ཕྱེད་ཀྱི་ནང་ཐེངས་གཅིག་ལ་བསྡུ་དགོས། དམིགས་བསལ་གྱི་གནས་ཚུལ་ཡོད་ན་འཕྲིན་ཡིག་གི་རྣམ་པ་སྤྱད་ནས་ཀྱང་ཚོགསས་འདུ་བསྡུས་ཆོག
དོན་ཚན་ཉེར་བཞི་བ། ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་། དྲུང་ཡིག་པ་བཅས་ལ་གཤམ་གྱི་ཆ་རྐྱེན་དག་ངེས་བར་དུ་འཛོམས་དགོས།
(གཅིག)སྲིད་ཇུས་ཡིས་ལམ་ཕྱོགས་དང་ཁ་ཕྱོགས། ཆབ་སྲིད་ཀྱི་སྤུས་ཚད་མཐོ་པོ་ཡོད་པ་ དང་། རྒྱུན་འཁྱོངས་བྱེད་པ།
(གཉིས)ཚོགས་པ་འདིའི་ལས་རིགས་ཀྱི་ཁྱབ་ཁོངས་ནང་ལ་ནུས་པ་ཆེན་པོ་འདོན་ཐུབ་མཁན།(གསུམ)ལས་འཛིན་ཚོགས་གཙོ་དང་ལས་འཛིན་ཚོགས་གཙོ་གཞོན་པ། དྲུང་ཡིག་པ་བཅས་ཀྱིས་ཆེས་མཐོ་བའི་གོ་གནས་འཛིན་མཁན་གྱི་ལོ་ཚད70ལས་མི་བརྒལ་བ། དྲུང་ཡིག་པ་དང་ཚོགས་གཙོའི་རིག་གནས་ཆུ་ཚད་དེ་ངེས་བར་སློབ་གྲྭ་ཆེན་མོ་བ་ཡན་ཡིན་དགོས།
(བཞི)ལུས་ཕུང་བདེ་ཐང་ཡིན་ལ་ལས་གནས་སུ་རྒྱུན་ལྡན་ལྟར་རྒྱུན་འཁྱོངས་བྱེད་ཐུབ་པ།
(ལྔ)ཉེས་དོན་གྱི་ཆད་པ་དང་ཆབ་སྲིད་ཀྱི་ཁེ་དབང་བླངས་མེད་པ།
(དྲུག)དམངས་དོན་སྒྲུབ་པའི་ནུས་བ་ཡོངས་སུ་འཛོམས་པ།
དོན་ཚན་ཉེར་ལྔ་བ། ཚོགས་པའི་ལས་འཛིན་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་། དྲུང་ཡིག་པ་བཅས་ཆེས་མཐོའི་གོ་གནས་འཛིན་མཁན་རྣམས་གཏན་ཁེལ་གྱི་ལོ་ཚིགས་ལས་བརྒལ་ན་ངེས་བར་དུ་ལས་འཛིན་ཚོགས་པའི་ཐག་གཅོད་བརྒྱུད་དགོས་ལ། ལས་རིགས་གཙོ་གཉེར་ལས ་ཁུངས་ཀྱི་ཞིབ་བཤེར་དང་ཚོགས་པའི་ཐོ་འགོད་དོ་དམ་ལས་ཁུངས་ལ་ཡར་ཞུ་བྱས་ཏེ་འཐད་པ་ བྱུང་རྗེས་ད་གཟོད་ལས་གནས་ཀྱི་འགན་ཁུར་ཆོག
དོན་ཚན་ཉེར་དྲུག་པ། ཚོགས་པའི་ལས་འཛིན་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་། དྲུང་ཡིག་པའི་འགན་ཁུར་བའི་དུས་ཡུན་ལོ་5ཡིན།(ལས་འཛིན་ཚོགས་པའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་དྲུང་ཡིག་པ་བཅས་དུས་ཡུན་ཆེས་རིང་ཡང་ཐེངས་གཉིས་ལས་མི་འདའ་བ)དམིགས་བསལ་གྱི་གནས་ཚུལ་འོག་འགན་ཁུར་བའི་དུས་ཚོད་བསྲིངས་ཆོག ངེས་བར་དུ་2/3ཡན་གྱི་འཐུས་མི་འཛོམས་ནས་ཚོགས་མིའི་ཚོགས་ཆེན(ཚོགས་མིའི་འཐུས་མི་ཚོགས་ཆེན)བརྒྱུད་དེ་ཐག་གཅོད་དགོས་ལ། ལས་རིགས་གཙོ་གཉེར་ལས་ཁུངས་ཀྱི་ཞིབ་བཤེར་དང་ཚོགས་པའི་ཐོ་འགོད་གཙོ་གཉེར་དོ་དམ་ལས་ཁུངས་ལ་ཡར་ཞུ་བྱས་པ་འཐད་པ་བྱུང་རྗེས་ད་གཟོད་ལས་གནས་འགན་ཁུར་ཆོག
དོན་ཚན་ཉེར་བདུན་པ། ཚོགས་པའི་ལས་འཛིན་ཚོགས་གཙོ་ཚོགས་པ་འདིའི་ཁྲིམས་ བཀོད་འཐུས་མི་ཡིན་དགོས། (ཚོགས་པའི་ཁྲིམས་བཀོད་འཐུས་ཚབ་པ་རྒྱུན་ལྟར་ན་ཚོགས་གཙོས་འགན་ཁུར་དགོས) དམིགས་བསལ་གྱི་གནས་ཚུལ་འོག་དགོས་མཁོ་ལྟར་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་པ་ཁྲིམས་བཀོད་འཐུས་ཚབ་པར་བརྐོ་དགོས། ངེས་བར་དུ་ལས་རིགས་གཙོ་གཉེར་ལས་ཁུངས་ཀྱི་ཞིབ་བཤེར་དང་ཚོགས་པའི་ཐོ་འགོད་དོ་དམ་ལས་ཁུངས་ལ་ཡར་ཞུ་བྱས་བ་འཐད་པ་བྱུང་རྗེས་ད་གཟོད་ལས་
གནས་འགན་ཁུར་ཆོག
དོན་ཚན་ཉེར་བརྒྱད་པ། ཚོགས་པ་འདིའི་ཚོགས་གཙོས་སྤྱད་ཆོག་པའི་འགན་དབང་ གཤམ་གསལ་ལྟར།
(གཅིག)སྐོང་ཚོགས་དང་ལས་འཛིན་ཚོགས་པར་རྒྱབ་སྐྱོར་བྱེད་པ། (རྒྱུན་ལས་ལས་འཛིན་ཚོགས་པ)
(གཉིས)ཚོགས་མིའི་ཚོགས་འདུ་(ཚོགས་མིའི་འཐུས་མི་ཚོགས་ཆེན)ལས་འཛིན་ཚོགས་པ་(རྒྱུན་ལས་ལས་འཛིན་ལྷན་ཚོགས)ལ་ཞིབ་བཤེར་བྱས་ཏེ་གྲོས་ཆོད་ཀྱི་གནས་ཚུལ་ཐག་གཅོད་པ།
(གསུམ)ཚོགས་པའི་ཚབ་བྱས་ཏེ་འབྲེལ་ཡོད་ཡིད་ཆར་མིང་རྟགས་འགོད་པ།
དོན་ཉེར་དགུ་བ། ཚོགས་པ་འདིའི་དྲུང་ཡིག་པས་སྤྱད་ཆོག་པའི་འགན་དབང་།
(གཅིག)བྱ་བ་སྒྲུབ་པའི་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ཏེ་ཉིན་རྒྱུན་གྱི་བྱ་བ་རྒྱ་བསྐྱེད་པ། ལག་ལེན་དངོས་ལ་ཞུགས་ཏེ་ལོ་རེའི་བྱ་བའི་འཆར་གཞི་བཟོ་བ།
(གཉིས)དྲུང་ཡིག་པ་གཞོན་པ་མིང་འདོགས་བྱེད་པ།
(གསུམ)ལས་དོན་གཞན་པ་ཐག་གཅོད་བྱེད་པ།

ལེའུ་ལྔ་བ། རྒྱུ་ནོར་དོ་དམ་དང་བཀོལ་སྤྱོད་བྱེད་པའི་རྩ་དོན།

དོན་ཚན་སུམ་ཅུ། ཚོགས་པའི་འགྲོ་སོང་གི་འབྱུང་ཁུངས།
(གཅིག)ཞལ་འདེབས
(གཉིས) ཞིབ་མཆན་བཀོད་པའི་ལས་རིགས་ཀྱི་ཁྱབ་ཁོངས་ནང་བྱའགུལ་སྤེལ་བ་དང་ཞབས་ཞུའི་ཡོང་སྒོ།
(གསུམ)སྐྱེད་ཀ།
བཞི། རྣམ་གྲངས་ཀྱི་ཡོང་སྒོ།
དོན་ཚན་སོ་གཅིག་པ། ཚོགས་པའི་སྒོར་མོ་ངེས་བར་དུ་སྒྲིག་ཡིག་གཏན་འཁེལ་ལྟར་ལས་རིགས་ཀྱི་ཁྱབ་ཁོངས་དང་ལས་དོན་འཕེལ་རྒྱས་སོགས་ལ་བཀོལ་བ་ལས་ཚོགས་མིས་བགོ་བཤའ་ བྱས་མི་ཆོགདོན་ཚན་སོ་གཉིས་པ། ཚོགས་པ་འདིར་ཞིབ་ཚགས་ཀྱི་ནོར་སྲིད་དོ་དམ་ལམ་ལུགས་བཙུགས་ཏེ་རྩིས་གཉེར་བའི་རྒྱུ་ཆ་ཁྲིམས་མཐུན་དང་དྲང་བདེན། ཡང་དག་པ་ཆ་ཚང་བ་བཅས་ཡིན་པ་ཁག་ཐེག་བྱེད་པ།
དོན་ཚན་སོ་གསུམ་པ། ཚོགས་པར་རྩིས་གཉེར་མི་སྣ་བསྐོ་བཞག་བྱེད་དགོས། རྩིས་གཉེར་མི་སྣས་ངེས་བར་དུ་རྩིས་བརྒྱབ་པར་ལྟ་སྐུལ་བྱེད་དགོས། རྩིས་གཉེར་བའི་བྱ་བའི་གནས་སྤོར་བའམ་ལས་ཀ་མི་ལས་བའི་དུས་སུ། ངེས་བར་དུ་རྗེས་སྐྱོང་བར་རྩིས་གསལ་བོ་རྒྱག་དགོས།
དོན་ཚན་སོ་བཞི་བ། ཚོགས་པ་འདིའི་རྒྱུ་ནོར་དོ་དམ་ལ་ངེས་བར་དུ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་བའི་ནོར་སྲིད་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས། ཚོགས་མིའི་ཚོགས་ཆེན་(ཚོགས་ མིའི་འཐུས་མི་ཚོགས་ཆེན)ནམ་ནོར་སྲིད་སྡེ་ཁག་གི་ལྟ་སྐུལ་དང་ལེན་བྱེད་དགོས། རྒྱུ་ནོར་གྱི་འབྱུང་ཁུངས་ནི་རྒྱལ་ཁབ་ཀྱིས་བཏང་བའི་དངུལ་དང་སྤྱི་ཚོགས་ཀྱི་ཞལ་འདེབས། རོགས་དངུལ་བཅས་ཡིན་ལ། ངེས་བར་དུ་ལྟ་སྐུལ་ལས་ཁུངས་ཀྱི་ཞིབ་བཤེར་དང་ལེན་བྱེད་དགོས་ལ་འབྲེལ་ཡོད་གནས་ཚུལ་ལ་སྤྱི་ཚོགས་སྟེང་ཁྱབ་བསྒྲགས་བྱེད་དགོས།
དོན་ཚན་སོ་ལྔ་བ། ཚོགས་པ་འདིའི་ཁྲིམས་བཀོད་འཐུས་ཚབ་མི་སྣ་ཁྲིམས་བཅད་ཀྱི་དུས་ལྟར་བརྗེ་བ་དང་དགོས་དབང་ལྟར་བརྗེ་སྤོར་བྱེད་དུས་ངེས་བར་དུ་ཚོགས་པའི་ཐོ་འགོད་དོ་དམ་ལས་ ཁུངས་དང་ལས་རིགས་གཙོ་གཉེར་ལས་ཁུངས་ཀྱི་རྩ་འཛུགས་བྱས་པའི་ནོར་སྲིད་ཞིབ་བཤེར་དང་ལེན་བྱེད་དགོས།
དོན་ཚན་སོ་དྲུག་པ། ཚོགས་པའི་རྒྱུ་ནོར་གང་ཡིན་གྱི་ལས་ཁུངས་དང་མི་སྒེར་གྱིས་བདག་བཟུང་དང་བགོ་བཤའ་རྒྱག་པ། སྒེར་སྤྱོད་བཅས་བྱས་མི་ཆོག

ལེའུ་དྲུག་པ། སྒྲིག་ཡིག་དག་བཅོས་བྱེད་པའི་གོ་རིམ།

དོན་ཚན་སོ་བདུན་པ། ཚོགས་པ་འདིའི་སྒྲིག་ཡིག་དག་བཅོས་བྱེད་པར་ངེས་བར་དུ་་ལས་འཛིན་ལྷན་ཚོགས་པའི་ཐག་གཅོད་བརྒྱུད་རྗེས་ཚོགས་མིའི་ཚོགས་ཆེན་(ཚོགས་མིའི་འཐུས་མི་ཚོགས་ཆེན)ལ་ཡར་ཞུ་བྱས་ཏེ་གྲོས་ཞིབ་བྱེད་དགོས།
དོན་ཚན་སོ་བརྒྱད་པ། ཚོགས་པ་འདིའི་སྒྲིག་ཡིག་དག་བཅོས་བྱེད་པར་ངེས་བར་དུ་ཚོགས་མིའི་ཚོགས་ཆེན་(ཚོགས་མིའི་འཐུས་མི་ཚོགས་ཆེན)བརྒྱུད་དེ་ཉིན་15འགོར་རྗེས། ལས་རིགས་གཙོ་གཉེར་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ཏེ་འཐད་པ་བྱུང་དགོས་ལ་ཚོགས་པའི་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་ཞིབ་ཕྲའི་མཆོག་ཆན་བཀོད་རྗེས་ད་གཟོད་ནུས་བ་ཡོད་པར་བརྩི།

ལེའུ་བདུན་པ། གོ་རིམ་མཚམས་འཇོག་པ་དངམཚམས་བཞག་རྗེས་ཀྱི་རྒྱུ་ནོར་ཐག་གཅོད།

དོན་ཚན་སོ་དགུ་བ། ཚོགས་པའི་དམིགས་ཡུལ་འགྲུབ་པའམ་རང་བཞིན་གྱིས་ཁ་འཐོར་བ། ཡང་ན་ཁ་གཏོར་བའམ་མཉམ་འབྲེལ་སོགས་བྱེད་པའི་རྒྱུ་མཚན་ཀྱིས་ཐོ་གསུབ་དགོས་ན། ལས་འཛིན་ལྷན་ཚོགས་སམ་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་བྱེད་དགོས།
དོན་ཚན་བཞི་ཅུ་བ། ཚོགས་པ་འདི་མཚམས་འཇོག་བར་ཚོགས་མིའི་འཐུས་མི་ཚོགས་ཆེན་གྱི་ཐག་གཅོད་བརྒྱུད་དགོས་ལ། ལས་རིགས་གཙོ་གཉེར་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ཏེ་འཐད་པ་ཡོང་དགོས།
དོན་ཚན་ཞེ་གཅིག་པ། ཚོགས་པ་འདི་མཚམས་མ་བཞག་གོང་ངེས་བར་དུ་ལས་རིགས་གཙོ་གཉེར་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཀྱི་མཛུབ་སྟོན་འོག་ཞིབ་རྩིས་རྒྱག་པའི་རྩ་འཛུགས་འཛུགས་དགོས། བུ་ལོན་སྡུད་པ་དང་འཇལ་བ་གཙང་བཤེར་བྱེད་པ་དང་། གཞུག་གི་བྱ་བ་རྣམས་འོས་མཚམས་ཀྱི་སྒོ་ནས་ཐག་གཅོད་དགོས། གཙང་བཤེར་བྱེད་པའི་བར་སྐབས་སུ་གཙང་བཤེར་ལས་གཞན་བའི་བྱ་འགུལ་མི་སྤེལ་བ།
དོན་ཚན་ཞེ་གཉིས་པ། ཚོགས་པ་འདིའི་ཚོགས་པའི་ཐོ་འགོད་དོ་དམ་ལས་ཁུངས་ནས་མིང་ཐོ་ གསུབ་པའི་ཐོ་འགོད་འགྲོ་རིམ་མཇུག་རྫོགས་ན་ད་གཟོད་མཚམས་བཞག་ཡིན།
དོན་ཚན་ཞེ་གསུམ་པ། ཚོགས་པ་འདི་མཚམས་བཞག་རྗེས་འཕྲོ་མའི་རྒྱུ་ནོར་དེ་ལས་རིགས་གཙོ་ གཉེར་ལས་ཁུངས་དང་སྤྱི་ཚོགས་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་ལྟ་སྐུལ་འོག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཚོགས་པ་འདིའི་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་ལས་རིགས་འཕེལ་རྒྱས་ཀྱི་བྱ་བའི་སྟེང་བཀོལ་དགོས།

ལེའུ་བརྒྱད་པ། ཟུར་མཆན། (ཞར་བྱུང)

དོན་ཚན་ཞེ་བཞི་པ། སྒྲིག་ཡིག་འདི་གསལ་བཤད་བྱེད་པའི་དབང་ཆ་ལས་འཛིན་ལྷན་ཚོགས་ལ་ཡོད།
དོན་ཚན་ཉེར་ལྔ་བ། སྒྲིག་ཡིག་འདི་ལ་ཚོགས་པའི་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཞིབ་མཆན་བཀོད་ཉིན་ནས་བཟུང་ད་གཟོད་ནུས་བ་ཡོད་པར་བརྩི།

རེབ་གོང་ཤེས་རིག་གླིང་།
ལོའི་ཟླ4ཚེས17ཉིན།