ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རིག་གནས།

“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་གདན་ཞུ་འགྲན་སྡུར་གྱི་གསར་འགྱུར་ཁྱབ་སྒྲ

སྤེལ་དུས། 2012-09-05 19:02:34  ཁུངས།   རྩོམ་པ་པོ།   རྡེབ་ཚད། 

0111.jpg

གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཡུལ་དངོས།

  ཟླ7པའི་ཚེས15ཉིན། ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། གཅན་ཚ་རྫོང་བཅས་ཀྱིས་འགན་སྒྲུབ་བྱས་པའི“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་གདན་ཞུ་འགྲན་སྡུར་སྐབས་གཉིས་པའམ་མདའ་སྟོན་རིག་གནས་དུས་ཆེན་དང་། “གཅན་ཚའི་མདའ་རྩེད”ཀྲུང་གོའི་སློབ་ཆེན་པའི་སྤྲོ་སྐྱིད་ཁང་སྲོལ་རྒྱུན་གཞུའི་འགྲན་སྡུར་སྐབས་དང་པོ་བཅས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་པེ་ཅིང་ཚོམས་ཆེན་དུ་བསྡུས་པ་རེད། འབྲེལ་ཡོད་འགོ་ཁྲིད་རྣམས་ཁྱབ་སྒྲོག་ཚོགས་འདུར་ཞུགས་པ་དང་། “གཅན་ཚའི་མདའ་རྩེད”ཀྱི་ཕ་ས་ཞེས་པའི་མཚན་སྙན་གསོལ་འདུག་པའི་གཅན་ཚ་རྫོང་གི་འགོ་ཁྲིད་གཙོ་བས་ཁྱབ་སྒྲོག་ཚོགས་འདུར་མདོ་འཛིན་བྱས་པ་རེད།
  ཀྲུང་གོའི་མི་རིགས་མདའ་རྩེད་ལུས་རྩལ་གྱི་ཕ་ས་སྟེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས2007ལོའི“གཅན་ཚའི་མདའ་རྩེད”ཀྲུང་གོའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་གདན་ཞུ་འགྲན་སྡུར་དང2010ལོའི“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་གདན་ཞུ་འགྲན་སྡུར་རམ་མདའ་སྟོན་རིག་གནས་བསྡུས་པའི་རྨང་གཞིའི་ཐོག་མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩེད་རིག་གནས་དར་སྤེལ་དང་། འཛམ་གླིང་གི་མདའ་རྩེད་རིག་གནས་དང་འབྲེལ་འདྲིས་བྱེད་ཆེད། 2012ལོའི་ཟླ9པའི་ཚེས7ཉིན་ནས་ཟླ9པའི་ཚེས11ཉིན་བར་དུ“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་གདན་ཞུ་འགྲན་སྡུར་སྐབས་གཉིས་པའམ་མདའ་སྟོན་རིག་གནས་དུས་ཆེན་དང་། “གཅན་ཚའི་མདའ་རྩེད”ཀྲུང་གོའི་སློབ་ཆེན་པའི་སྤྲོ་སྐྱིད་ཁང་སྲོལ་རྒྱུན་གཞུའི་འགྲན་སྡུར་སྐབས་དང་པོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་བསྡུ་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲན་སྡུར་ཁྲོད་ཁོ་རེ་ཡ་དང་། ཉི་ཧོང་། དབྱི་རན། ཐུར་ཁེ། མེ་ཁུ་སེ་ཁའོ། ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཀྱི་འགྲན་ཞུགས་རུ་ཁག11དང་། རྒྱལ་ནང་གི་འགྲན་ཞུགས་རུ་ཁག20། ཞིང་ཆེན་ནང་ཁུལ་གྱི་འགྲན་ཞུགས་རུ་ཁག15བཅས་ཞུགས་རྒྱུ་རེད། །