ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རིག་གནས།

༄༅། །པཎ་ཆེན་རིན་པོ་ཆེ་ཀན་ལྷོ་ཁུལ་དུ་ཕེབས་ནས་གཟིགས་ཞིབ་གནང་སྐབས་ཀྱི་ཞལ་གསུང་གལ་ཆེན།

སྤེལ་དུས། 2013-10-13 08:37:47  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

      ངེད་ཀྱིས་འདི་ནས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ཐད་ནན་ཏན་དུ་བཤད་རྒྱུ་ནི།མི་རིགས་ཀྱི་མཐུན་སྒྲིལ་ནི་ནང་གི་ནང་དོན་གཙོ་བོ་ཞིག་རེད། བཅངས་གྲོལ་རྗེས་སུ། ཏང་གི་མི་རིགས་སྲིད་ཇུས་འོད་སྟོང་འཕྲོས་པའི་འོག ཏང་དང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་འོགཀན་ལྷོའི་མི་རིགས་སོ་སོའི་ནང་ཁུལ་གྱི་མཐུན་སྒྲིལ་ནི་མུ་མཐུད་དུ་ཤུགས་བསྣན་པས།གནས་ཚུལ་ཕལ་ཆེར་ནི་བཟང་བོ་རེད།ཡིན་ནའང་མཐུན་སྒྲིལ་ལ་མི་ཕན་པའི་རྒྱུ་རྐྱེན་མི་དགེ་བ་ཁ་ཤས་གནས་འདུག ཆེས་མངོན་གསལ་དུ་ བུད་པ་ནི་བོད་རིགས་ནང་ཁུལ་གྱི་རྩྭ་ས་རྩོད་གླེང་དང༌། ཨུ་སུ་ལམ་ཆོས་ལུགས་དད་པའི་མི་རིགས་ཁག་ནང་ཁུལ་གྱི་གྲུབ་མཐའི་རྩོད་གླེང་རེད།  

 
     གནད་དོན་འདི་དག་འབྱུང་བའི་རྩ་བ་ནི།ལོ་རྒྱུས་ལོག་སྤྱོད་དབང་སྒྱུར་མཁན་ཚོས་མི་རིགས་གྲངས་ཉུང་ནང་ཁུལ་གྱི་འགལ་བ་དང་འལ་འོལ་ཕར་འཁོན་སྐྱེད་བེད་སྤྱད་ནས།ཁ་བྲལ་དབང་སྒྱུར་ཞེས་པའི་ལོག་སྤྱོད་སྲིད་ཇུས་སྤེལ་བའི་མཐའ་འབྲས་རེད།བོད་རིགས་ནང་ཁུལ་གྱི་རྩོད་གླེང་བཤད་ན།རྩྭ་ས་ཞིག་གི་རྩོད་གླེང་ཆེ་བ་ནི་ལ་ལ་ལོ་བཅུ་ཕྲག་ཁ་ཤས་ནས་བརྒྱའང་ལོངས།མི་རིགས་གཅིག་པའི་སྤུན་ཟླའི་བར་དུ་ཡུན་རིང་མཚོན་འཐབ་གསོད་རེས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོམ་ལ་གནོད་འཚེ་ཚབས་ཆེན་ཐེབས། འདི་འདྲའི་ཡ་ང་བའི་བསླབ་བྱ་ནི་ཤིན་ཏུ་གཏིང་ཟབ་པ་ཞིག་རེད་དེ་ལ་ལ་ནི་བློ་ངེས་ཞེ་གསལ་ཞིག་རེད་ཨང༌།འོན་ཀྱང་རྩྭ་སའི་རྩོད་གླེང་ཁ་ཤས་ནི་སྤང་རྒོད་སློག་པའམ་དོན་དག་གཞན་ལས་བྱུང་བའི་རྩོད་གླེང་གསར་བ་རེད།བཅིངས་གྲོལ་ཚུན་ལོ་སུམ་ཅུ་ལྷག་གི་རིང་ལ་ཏང་དང་མི་དམངས་སྲིད་གཞུང་གི་སྟོབས་ཤུགས་ངེས་ཅན་ཕུད་ན་རྩྭ་ས་རྩོད་གླེང་འདུམ་འགྲིག་བྱས་པས། བོད་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཡར་སྐུལ་ཤུགས་ཆེན་བྱུང་དོན་དངོས་ལས་བདེན་དཔང་ལྷུག་པོ་ཐོབ་པ་ནི། ལོ་རྒྱུས་སུ་ཤུལ་ལུས་རྩོད་གླེང་ངམ་གསར་དུ་བྱུང་བའི་རྩོད་གླེང་གང་ཡིན་ཡང༌།ཚང་མ་ནི་མི་དམངས་ནང་ཁུལ་གྱི་གནད་དོན་རེད།གྲོས་མོལ་ཁ་ཏ་བརྒྱུད་ནས་རྒྱུ་འབྲས་ལྡན་པར་ཐག་གཅོད་ཐུབ་ངེས་རེད་དེ།གྲོས་མོལ་ཐག་གཅོད་བྱ་རྒྱུ་ལས་དྲག་ཤུགས་སྤྱད་དེ་ཐག་གཅོད་གཏན་ནས་མི་ཉན།ལོ་རྒྱུས་སུ་བྱུང་བའི་བསླབ་བྱ་ཟབ་པོ་བརྗེད་མི་འོས།རྩོད་གླེང་ཡོད་པའི་ས་ཁུལ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་སློབ་སྦྱོང་བཟང་བོ་བྱ་འོས་ལ།ད་སྐབས་ལྷག་ཏུ་ཏང་གི་ཚོགས་ཆེན་བཅུ་གཉིས་པའི་དགོངས་དོན་ནན་ཏན་སློབ་སྦྱོང་དང་གོ་དོན་བླངས་ཤིང༌།མི་རིགས་ཧྲིལ་བོ་དང་རྒྱ་ཁབ་ཀྱི་སྤྱི་ཁྱབ་ཁེ་ཕན་གཞིར་བཟུང་ནས།གུང་ཁྲན་རིང་ལུགས་ཀྱི་བསམ་པ་སྙིང་བོ་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་གྱི་ཚད་མཐོན་པོའི་སྒོ་ནས་རྩྭ་སའི་རྩོད་གླེང་ཐག་གཅོད་དགོས་པའི་དོན་སྙིང་གལ་ཆེན་ངོས་ཟིན་དགོས།ཕན་ཚུན་དམིགས་བསལ།ཕན་ཚུན་བཟོད་སྒོམ་བྱེད་པ། མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ཤུགས་སྣོན་པ་དང༌མི་རིགས་དཔལ་འབྱོར་གོང་དུ་སྤེལ་བར་ཕན་པའི་རྩ་དོན་ལྟར་དུ་ཧུར་ཐག་གིས་རྩྭ་སའི་རྩོད་གླེང་ཐག་གཅོད་དགོས།རྒྱ་ཆེའི་བོད་རིགས་ལས་བྱེད་པ་རྣམས་ཀྱིས་ཐོག་མར་མི་རིགས་ནང་ཁུལ་དུ་མཐུན་སྒྲིལ་ལེགས་པོ་ཡོང་བ་བྱེད་པ་དང༌།དེ་མཚུངས་སུ་རྒྱ་རིགས་དང་མི་རིགས་གཞན་དག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་བྱ་དགོས།       
 
     ཁོ་ཚོའི་བཟང་ཆར་སློབ་སྦྱོང་དང་ཁོ་ཚོའི་བྱ་བ་ལ་བརྩི་འཇོག་བྱ་དགོས་པ་མ་ཟད།ཁོ་ཚོའི་སྡོད་གནས་དང་འཚོ་བ་སོགས་ཕྱོགས་གང་ཐད་ལ་ལྟ་རྟོག་བཟང་བོ་བྱ་དགོས།རྒྱ་རིགས་ལས་བྱེད་པ་ཡང་ང་ཚོའི་གྲངས་ཉུང་མི་རིགས་ལ་རོགས་རམ་བྱེད་པར་ཡོང་བ་ཡིན་བསམ་དགོས་པ་དང་ཀན་ལྷོའི་ལས་དོན་སྣ་ཚོགས་ལ་བྱ་བ་མང་ཙམ་ལས་དགོས།བྱས་རྗེས་མང་ཙམ་འཇོག་དགོས་པ་ལས་ང་ནི་དཔོན་ཡིན་སྙམ་མི་ཉན།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཞིག་ལ་མཚོན་ན་མི་རིགས་རང་གི་ལས་དོན་ལ་བྱས་རྗེས་དང་དོན་བཟང་རེ་སྒྲུབ་པར་འབད་བརྩོན་བྱ་དགོས་པ་ལས་དཔོན་ས་བཟུང་སྟེ་ཡར་འགོས་བྱེད་པ་དང་ལས་དོན་མི་སྒྲུབ་པའི་ལད་པོ་གཏན་ནས་བྱ་མི་ཉན།མི་རིགས་ཀྱི་ལས་དོན་ལ་བྱས་རྗེས་འཇོག་པའི་ལས་བྱེད་པ་བཟང་བོ་ཞིག་བྱ་དགོས་པ་ལ།ངེས་པར་དུ་ཆབ་སྲིད་དང་དཔལ་འབྱོར།བྱེད་སྒོ།ཆེད་ལས་ལག་རྩལ་སོགས་ཕྱོགས་གང་ཐད་ཀྱི་ནུས་རྩལ་ངེས་ཅན་ལྡན་པ་ཞིག་དགོས་པས།ཚང་མས་དེའི་ཐད་ལ་བརྩོན་འགྲུས་གྱིས་ཤིགམི་རིགས་མཐུན་སྒྲིལ་བཟང་བོ་སྒྲུབ་པའི་གནད་འགག་ནི་རིགས་སོ་སོའི་ལས་བྱེད་པའི་བར་གྱི་མཐུན་སྒྲིལ་ཡིན།མི་རིགས་ལས་བྱེད་པ་རང་རང་ལ་ལེགས་ཆ་རེ་ཡོད་པས།ཕན་ཚུན་སློབ་སྦྱོང་དང༌།ཕན་ཚུན་རྒྱབ་སྐྱོར།ཕན་ཚུན་བརྩི་འཇོགཕན་ཚུན་རོགས་རམ།ཕན་ཚུན་དགོངས་ཡངས་བགྱི་ཐུབ་པས་ན༑གནད་དོན་ཐུག་འཕྲད་རང་སྐྱོན་རང་བརྗོད་མང་ཙམ་བྱས་ན།ད་གཟོད་མཐུན་སྒྲིལ་རྣམ་པས་མར་ལེ་རིང་ལུགས་དང༌།
 
   མའོ་ཙེ་ཏུང་དགོངས་པ་སློབ་སྦྱོང་ཧུར་ཐག་དང༌།ཏང་གི་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱས་ནས།བསམ་པའི་ཆུ་ཚད་ཇེ་མཐོ་དང་བྱ་བ་སྒྲུབ་ནུས་ཇེ་མཐོར་བཏང་ཞིང༌།རང་འགན་ཕྲག་ཏུ་བླངས་ཤིང་བྱ་བ་བཟང་བོ་བསྒྲུབ་དགོས།དུས་མཚུངས་སུ།ད་དུང་ཧུར་ཐག་རང་ལྕག་སྒོས་རྒྱ་རིགས་དང་མི་རིགས་གཞན་པའི་ལས་བྱེད་པར་མཐུན་སྒྲིལ་བྱ་འོས་ཏེ།ཁོ་ཚོའི་འགན་དབང་ལ་བརྩི་འཇོག་དང༌།ཁོ་ཚོའི་བཟང་ཆ་སློབ་སྦྱོང་བྱ་དགོས།རྒྱ་རིགས་ལས་བྱེད་པས་བོད་རིགས་དང་མི་རིགས་གཞན་པའི་ལས་བྱེད་པར་འཇོན་ཐང་ལྡན་པ་ནན་ཏན་དུ་རོགས་རམ་བྱ་འོས་ལ་བྱ་བ་བཟང་བོ་བསྒྲུབ་དགོས།དེ་བཞིན་ཁོ་ཚོའི་འགན་དབང་ལ་བརྩི་འཇོག་བྱས་ཏེ།ཁོ་ཚོར་འགན་ཡོད་དབང་ཡོད་ཁུར་ཡོད་བྱེད་དུ་ག་ནས་ཡོད་འོས་པའི་ནུས་པ་ངོ་མ་ཕུད་དགོས།འདི་ལྟར་བྱས་ན་ད་གཟོད་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྣེ་ཁྲིད་དེ།སྔར་ལས་ལྷག་ཏུ་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་བར་དུ་འདྲ་མཉམ་དང་མཐུན་སྒྲིལ།རོགས་རེམ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གོང་དུ་སྤེལ་ནས།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཛུགས་སྐྲུན་ལེགས་པོར་བསྒྲུབ་དགོས།