ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔྱད་གླེང་།

དཔྱད་གླེང་ཐེངས་དགུ་བ།

སྤེལ་དུས། 2013-02-06 09:56:04  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

200711210261491.jpg

གསུང་མཁན།
རེབ་གོང་ཤེས་རིག་གླིང་གི་འགན་འཛིན་པ་ལྕང་སྐྱ་དགེ་འདུན་བཀྲ་ཤིས་ཡིན། ཁོང་རེབ་གོང་ལྕང་སྐྱ་རུ་སྐྱེས། རོང་བོ་དགོན་ཆེན་དུ་ཚོགས་ཞུགས་གནང་ནས་སྒྲ་རྩིས་སྙན་ངག་དང་། ནང་བསྟན་ལ་སྦྱངས་པ་མཛད།

འཚོགས་དུས། ༢༠༠༦ ལོའི་ཟླ ༨ པའི་ཚེས་བཅོ་ལྔའི་སྔ་དྲོའི་དུས་ཚོད ༩ ནས ༡༢ བར།

ནང་དོན་མདོར་བསྡུས། [ནང་བསྟན་དངོས་མ་སྤྱི་ཚོགས་སྟེང་ཁྱབ་གདལ་གཏོང་དགོས་པ] ཞེས་པ་ད་ལྟའི་སྤྱི་ཚོགས་འདིར་ནང་བསྟན་ཆོས་ལུགས་དེ་ཆོ་ག་སྤེལ་བ་དང་ཕྱག་སྐོར་ཙམ་ལ་འཁྲུལ་བ་ནི་ནང་བསྟན་གྱི་ཡང་སྙིང་ངོ་མ་དེ་མ་ཤེས་པར་མ་ཟད། ཆོས་དང་ཆོས་མ་ཡིན་པའི་ཤན་འབྱེད་ལ་རྨོངས་པ་དང། ཡང་ན་གྲུབ་མཐས་ཐན་འཁྱེར་ལ་བརྟེན་ཏེ། སྔོན་དང་ད་ལྟར་མི་རིགས་ལ་གྱོང་ཕོག་པ་མང་ལ། ནང་བསྟན་གྱི་སྲོག་ཤིང་མིའི་བསམ་བློ་དང་མི་གཤིས་ཀུན་སྤྱོད་སོགས་ཀྱིས་ར་སྤྲོད་བྱེད་དགོས་ལ། ཁྱད་པར་དུ་དངོས་བརྒྱུད་ཅི་རིགས་ཀྱི་ཆོས་རིག་ངོ་མ་དེ། མང་ཚོགས་ཀྱི་ཁྲོད་ཁྱབ་གདལ་གཏོང་དགོས་པ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ཚུལ་གསུངས།

ཚོགས་ཞུགས་མི་སྣ། ཐེངས་འདིར་ཚོགས་ཞུགས་པ་༢༠༥ཡོད། དེ་ཡི་ནང་གྲྭ་བ་དང་། བླ་མ། མང་ཆེ་ཤས་ཤེས་རིག་གླིང་ན་ཟབ་སྦྱོང་བྱེད་པའི་གཞི་རིམ་དགེ་རྒན་ཡིན།

2007112102643652.jpg

ཉན་མཁན་གྱི་རེ་བ། སླད་ཆར་རེབ་གོང་ཤེས་རིག་གླིང་འདིར། ཆོས་གཞུང་དང་ལོ་རྒྱུས་ཀྱི་འཆད་འཁྲིད་རྒྱུན་འཁྱོངས་བྱེད་ཐུབ་ན་བཟང་ཞེས་རེ་བ་ཞུས། ངག་ཐོག་དང་ཡིག་ཐོག་ནས་དྲི་བ་འདོན་མཁན་༡༣བྱུང་།

2007112102657860.jpg
དྲི་བ་འདོན་པ།