ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔྱད་གླེང་།

དཔྱད་གླེང་ཐེངས་བཅུ་བ།

སྤེལ་དུས། 2013-02-06 09:56:36  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

2007112103321891.jpg

གསུང་མཁན། སྨན་པ་ཚེ་རིང་སྐྱིད་ལགས་ནི། རེབ་གོང་གཉན་ཐོག་སྡེ་བར་སྐྱེས། རྨ་ལྷོ་གསོ་རིག་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ། རྨ་ལྷོ་རྒྱ་སྨན་ཁང་དུ་བྱ་བ་བསྒྲུབས། གཞན་ཨ་རིའི་འཚོ་བྱེད་ཐེབས་རྩ་ཚོགས་པའི་ལས་ཀ་འང་གཉེར་ལ། ཨ་རི་སོགས་སུ་གསོ་རིག་གི་ཚོགས་འདུར་ཡང་ཞུགས་མྱོང་། ལས་འཁྱར་ངལ་གསོ་བྱས་པ་ནས། ཁོ་མོས། མོ་ནད་དང་མ་བུ་བདེ་སྲུང་གི་སྒེར་གཉེར་སྒོ་བསྟེན་སྨན་ཁང་ཞིག་བཙུགས་ཏེ། སྨན་སྦྱིན་བཏང་བ་སོགས་སྤྱི་ཚོགས་སྟེང་གསོ་རིག་གིས་ཞབས་ཞུ་མི་དམན་པ་བསྒྲུབས་པས། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་འཐོབ་ཡོད།

འཚོགས་དུས། ༢༠༠༦ལོའི་ཟླ ༩བའི་ཚེས ༣ ཉིན་གྱི་སྔ་དྲོའི་དུས་ཚོད༩ ནས ༡༡。༣༠ བར།

ནང་དོན་མདོར་བསྡུས། རང་ཅག་བུད་མེད་རྣམས་ལ་མཚོན་ན། བྱིས་པ་ནས་རྒས་དུས་བར་མོ་ནད་ལ་འཛེམ་བག་དང་། འཕྲོད་བསྟེན་ལ་བརྟེན་པ་ཤིན་ཏུ་ནས་ཀྱང་གལ་ཆེ། བུད་མེད་ཀྱི་བདེ་སྲུང་ནི། བུད་མེད་ཡོངས་ཀྱི་ལུས་སེམས་ཀྱི་ཁམས་ལ་འགྱུར་ལྡོག་འབྱུང་བའི་སྐབས། འཕྲོད་བསྟེན་དང་སྨན་ལས་སོགས་ལ་བརྟེན་ཏེ་ལུས་སེམས་ཞི་བདེ་ཡོང་བ་དེ་ཡིན། དེ་ལ་བྱིས་དུས་དང་དར་མའི་བདེ་སྲུང་། སྦྲུམ་དུས་དང་བཙའ་དུས་ཀྱི་བདེ་སྲུང་། རྒྱུན་མཐོང་འགོ་ནད་དང་། མཚན་མའི་འགོས་ཁྱབ་གྱི་བདེ་སྲུང་། རྒྱུན་མཐོང་མོ་ནད་དང་རྒས་དུས་ཀྱི་བདེ་སྲུང་སོགས་ཀྱི་སྐབས། འཛེམ་བྱ་དང་སྤྱོད་ལམ། འཕྲོད་བསྟེན་སྨན་སྤྱོད་ཚུལ་སོགས་སོ་སོར་ངོ་སྤྲོད་བྱས།

ཚོགས་ཞུགས་པ། ཐེངས་འདིར་ཚོགས་ཞུགས་པ ༡༤༥ ཡོད། སློབ་གྲྭ་ཆེ་འབྲིང་གི་སློབ་མ། དམངས་ཚོགས་དང་དགེ་རྒན་སོགས་བུད་མེད་རྐྱང་རྐྱང་ཡིན།

2007112103334800.jpg
དཔྱད་གླེང་ལ་ཉན་པའི་ཚུལ།

གསན་པ་པོའི་རེ་བ།
ང་ཚོ་བུད་མེད་རྣམས་ལ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་བུད་མེད་ཀྱི་བདེ་ཐང་སྐོར་གྱི་དཔྱད་གླེང་གནང་བ་ཤེས་རིག་གླིང་ལ་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། སླད་ཆར་ཡང་ཕོ་མོ་འདྲ་མཉམ་གྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ལས་རིགས་སྣ་ཚོགས་ལ་ཕྱག་རྗེས་ཆེ་བའི་བུད་མེད་མཛངས་མ་གདན་འདྲེན་བྱས་ནས། སྣ་སྒོ་མོ་ནས་ང་ཚོ་ལ་མཐོང་རྒྱ་དང་ཐོས་རྒྱ་བསྐྱེད་པའི་གོ་སྐབས་སྤྲོད་རྒྱུའི་རེ་བ་བཏོན།