ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔྱད་གླེང་།

དཔྱད་གླེང་ཐེངས་བཅུ་གཅིག་པ།

སྤེལ་དུས། 2013-02-06 09:57:07  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

2007113115848564.jpgགསུང་མཁན། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་རྒན་ཤ་བོ་ཀུན་ཐར་ཡིན། ཁོང་རེབ་གོང་ལྕང་སྐྱ་ལས་སྐྱེས། རིམ་བཞིན་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ལས་འགྲིམས་ཏེ་དགེ་རྒན་གྱི་ཕྱག་ལས་གཉེར།འཚོགས་དུས། ༢༠༠༧ ལོའི ཟླ ༡ ཚེས ༡༠ ཕྱི་དྲོའི་དུས་ཚོད ༢ ནས ༤ བར། ནང་དོན་མདོར་བསྡུས། བོད་རིགས་ཀྱི་བྱུང་ཚུལ་དང་རྒྱལ་བའི་གདུང་རབས། གངས་ཅན་གྱི་ལྗོངས་འདིར་སྤྲེའུ་སྲིན་ལས་བོད་རིགས་ཇི་ལྟར་གྱེས་ཚུལ་དང། དེའི་བརྒྱུད་རིམ་ཁྲོད་ཀྱི་འཚོ་བ་ རོལ་སྟངས་། འཚོ་གནས་ཀྱི་ཁོར་ཡུག་དང་། ཡོ་བྱད་སྣ་ཚོགས་བེད་སྤྱོད་ལུགས་ངོ་སྤྲོད་བྱས་པར་མ་ཟད། བཙན་པོ་རིམ་བྱོན་གྱི་མཛད་རྗེས་རགས་བསྡུས་ཙམ་དུས་ ཚོད་གསུམ་ཙམ་ལ་དཔྱད་གཏམ་སྤེལ།ཚོགས་ཞུགས་མི་སྣ། ཐེངས་འདིར་ཚོགས་ཞུགས་པ་༡༨༢ཡོད། དེའི་ནང་གྲྭ་བ་དང་། དགེ་རྒན། མང་ཆེ་ཤས་སློབ་མ་ཡིན།

200711311590921.jpg
དཔྱད་གླེང་ལ་ཉན་པ།

ཉན་མཁན་གྱི་རེ་བ། རེབ་གོང་མ་ཡིན་པའི་ས་ཁུལ་གཞན་ལས་སློབ་གསོ་བ་དང་། རྩོམ་པ་པོ་དང་། ཡང་ན། སྤྱི་ཚོགས་བསམ་བློ་བ་མང་བོ་གདན་ཞུས་གནང་སྟེ། དཔྱད་གླེང་སྤེལ་པར་རེ་བ་ཞུས། དྲི་བ་འདོན་མཁན་༩བྱུང་།

2007113115916527.jpg
དྲི་བ་འདོན་བཞིན་པ།