ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔྱད་གླེང་།

སྐབས་གཉིས་པའི་སློབ་ཆེན་སློབ་མའི་བགྲོ་གླེང་།

སྤེལ་དུས། 2013-02-06 09:57:47  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

༡ ཚོགས་འདུའི་ངོ་བོ། སློབ་ཆེན་སློབ་མའི་བགྲོ་གླེང་ཚོགས་འདུ་ནི། ༢༠༠༦ནས་དབུ་བརྙེས་ཏེ་ལོ་རེར་ཐེངས་རེར་འཚོགས་པ་ཡིན་ལ། འགན་འཛིན་པ་ནི། རེབ་གོང་ནས་མཚར་ལོངས་བྱུང་ཏེ། པེ་ཅིན། ལན་གྲུ། ཁྲི་འདུ། ཟི་ལིང་། ལྷ་ས་སོགས་ན་སློབ་གཉེར་བྱེད་པའི་སློབ་གྲྭ་ཆེན་མོ་བ་སྐོར་ཞིག་གིས་ཆེད་གཉེར་བྱེད་པའི་ལས་རིམ་ཞིག་ཡིན། ༢ སྐབས་གཉིས་པའི་འགན་འཛིན་པ། སྐབས་གཉིས་པའི་སློབ་ཆེན་དང་བླངས་ཞབས་ཞུ་ཚོགས་པའི་འགན་འཛིན་པ། ལྷ་རྒྱ་དོན་འགྲུབ། གསེར་འཚོ་སྐྱིད། དབང་ཆེན་རྣམ་རྒྱལ་སོགས་ཡིན། ༣འཚོགས་དུས། འགན་འཛིན་པ་དང་ང་ཚོ་ལས་ བྱེད་མི་སྣས་རམ་འདེགས་བྱས་ཏེ། རེབ་གོང་ཤེས་རིག་གླིང་ནས ༢༠༠༧。༢。༢༧ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་གཟབ་རྒྱས་ངང་འཚོགས།

200711312443724.jpg
འགོ་འཛིན་པའི་གཏམ་བཤད་སྤེལ་བ།

༤ ཚོགས་ཞུགས་པ། སློབ་གྲྭ་ཁག་གི་སློབ་གཙོ། དགེ་རྒན། གྲྭ་བ། སློབ་གསོ་ཆེད་མཁས་པ། སློབ་མ། སློབ་མའི་ཁྱིམ་བདག་སོགས་མི་བརྒྱད་ཅུ་ལྷག་ཡོད།

200711312456633.jpg
ཚོགས་འདུའི་རྣམ་པ།

20071131257749.jpg
འགོ་འཛིན་པས་གཏམ་བཤད་སྤེལ་བ།

༥ བརྗོད་སྙིང་། [ཅི་ལྟར་བྱས་ནས་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་དོ་མཉམ་སྒོས་དར་འཕེལ་གཏོང་དགོས]ཞེས་པའི་བརྗོད་སྙིང་སྟེང་། ཕྱོགས་ཡོངས་ནས་ཕེབས་པའི་སློབ་གསོ་བ་རྣམ་པས། རང་རང་གི་འདོད་ཚུལ་དང་། གཞན་ཡང་སློབ་མའི་ཁྱིམ་བདག་གིས་བསམ་འཆར་འདོན་སྤེལ་བྱས་ཏེ། ལག་ལེན་གྱི་ཆ་ནས་སློབ་གསོ་འཕེལ་རྒྱས་གཏོང་བའི་གསུང་བཤད་གནད་དུ་ཐིངས་པ་གནང་། མཇུག་མཐར་བུད་མེད་ཀྱི་སྤྱི་འཐུས་སུ་སློབ་ཆེན་སློབ་མ་གསེར་འཚོ་སྐྱིད་ཀྱིས། ཕོ་མཆོག་མོ་དམན་གྱི་ལྟ་བ་འདོར་དགོས་ཚུལ་དང་། བུད་མེད་ལ་སློབ་སྦྱོང་གི་གོ་སྐབས་སྟེར་དགོས་པ། ཁོ་མོ་ཚོས་ཀྱང་གུ་དོག་གི་འཆིང་རྒྱ་གྲོལ་ཏེ། བསམ་བློ་སློབ་གསོ་དང་སྔོན་ཐོན་ལ་བསྙེགས་དགོས་ཚུལ་སོགས་ཀྱི་གཏམ་བཤད་སྤེལ།