ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔྱད་གླེང་།

དཔྱད་གླེང་ཐེངས་བཅུ་གཉིས་པ།

སྤེལ་དུས། 2013-02-06 09:58:26  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

གསུང་མཁན། འཇར་མན་ཧོ་པོ་ཐེ་སློབ་གྲྭ་ཆེན་མོའི་རབ་འབྱམས་པ་མོ་ན་ལགས་ཡིན། ལོ་ཙཱ་བ་ཤེས་རིག་གླིང་གི་དབྱིན་ཡིག་དགེ་རྒན་བདུད་འདུལ་རྡོ་རྗེ་ཡིན།

200711312382941.jpg
རབ་འབྱམས་པ་མོ་ན།

འཚོགས་དུས། ༢༠༠༧ ཟླ ༧ ཚེས ༢༥ ཉིན་གྱི་སྔ་དྲོའི་དུས་ཚོད་ ༩ནས ༡༡ བར། ནང་དོན་གནད་བསྡུས། [དབྱིན་སྐད་ལ་བརྟེན་ཏེ་སློབ་གསོ་དར་སྤེལ་དང་ཕུགས་བསམ་མངོན་འགྱུར་བྱེད་པ] ཞེས་པ་ཚན་པ་གསུམ་གྱིས་བགོས་ནས་བགྲོ་གླེང་གནང་བ་སྟེ། ༡ སྐད་རིགས་ནི་རིག་གནས་ཤིག་དང་། ཁྱད་པར་དུ་སྤྱི་ཚོགས་ཤིག་ལ་རྒྱུས་ལོན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་ལྡེ་མིག་ལྟ་བུར་གྲུབ་ཡོད་ལ། སྐད་རིགས་གི་ལག་ ཆར་བརྟེན་ཏེ་རྒྱལ་སྤྱིའི་དཔལ་འབྱོར་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤེས་ཐུབ་ཅིང་། རྒྱལ་སྤྱིའི་སྔོན་ཐོན་སྤྱི་ཚོགས་ཀྱི་རྗེས་སུ་བསྙེགས་ཐུབ་པ་སོགས་གཙོ་བྱས། དབྱིན་སྐད་སྦྱངས་པའི་དགེ་བ་དང་ཕན་ནུས་ཀྱི་སྐོར་གསུང་བཤད་གནང་། ༢ མི་རིགས་རང་གི་སྐད་ཡིག་དར་སྤེལ་དང་རྒྱུད་འཛིན་བྱེད་རྒྱུ་ནི་གཙོ་བོར་སྐད་གཉིས་སློབ་གསོ་ལ་རག་ལས་ཤིང་། སྐད་གཉིས་སློབ་གསོ་འདྲ་མཉམ་དང་བེད་སྤྱོད་དར་སྤེལ་གཏོང་རྒྱུ་དེ་འང་། གཙོ་བོ་སྲིད་གཞུང་གིས་བཙུགས་པའི་སློབ་གྲྭའི་སྒྲིག་གཞི་ཆ་ཚང་མིན་ལ་རག་ལས་བས། སློབ་གསོའི་སྡེ་ཁག་གིས་སྤྱི་ཚོགས་སྟེང་སྐད་གཉིས་འདྲ་མཉམ་གྱིས་བེད་སྤྱད་བཏང་ན། སྤྱི་ཚོགས་ཡོངས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་ཅིང་། སྐད་རིགས་གཉིས་ལ་འདྲ་མཉམ་གྱི་ལྟ་ཚུལ་ཞིག་ཆགས་ཐུབ་པ་སོགས་ར་སྤྲོད་གནང་། ༣ སློབ་མ་ཚོའི་སྦྱང་བྱའི་ཆེད་ལས་དེ་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་མིན་དང་། མི་ཚེའི་ཕུགས་འདུན་ཇི་ལྟར་མངོན་འགྱུར་བྱ་རྒྱུའི་ཐད་ཀྱི་ལྟ་ཚུལ་ཇི་སྙེད་ཅིག་ཚོགས་ཞུགས་པར་ངོ་སྤྲོད་གནང་། ཚོགས་ཞུགས་པ། ཐེངས་འདིར་ཚོགས་ཞུགས་པ༡༨༠ཡོད། དེའི་ནང་སློབ་མ། དགེ་རྒན། མང་ཆེ་བ་དབྱིན་ཡིག་སྦྱངས་བའི་དགེ་སློབ་ཡིན། ཁྱད་པར་དུ་རིག་གསར་ལ་མོས་པ་མང་།

2007113123819724.jpg
དཔྱད་གླེང་ལ་གསན་བཞིན་པ།

གསན་མཁན་གྱི་རེ་བ། ཤེས་རིག་གླིང་ནས་ཕྱི་གླིང་བའི་དཔྱད་གླེང་གནང་བ། ད་ཐེངས་ཐོག་མ་ཡིན་པས། མུ་མཐུད་དུ་དབྱིན་བོད་ཀྱི་ལོ་ཙཱ་བ་བརྒྱུད་དེ་རྒྱལ་ཁབ་སོ་སོའི་བསམ་བློ་དང་། དཔལ་འབྱོར་གཉེར་སྟངས། ཡང་ན་སློབ་གསོའི་ཐབས་ལམ་གསར་བ་བགྲོ་གླེང་དང་། དཔྱད་གླེང་འདི་མི་གཅིག་གི་ལྟ་ཚུལ་བརྗོད་པ་ལས་འདས་ཏེ། མཁས་པ་འགའ་རེས་དཔྱད་བརྡར་གནང་ཆོག་པའི་རེ་བ་བཏོན། དྲི་བ་འདོན་མཁན་མི་༩བྱུང་།

2007113123832578.jpg
དྲི་བ་འདོན་པ།