ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔྱད་གླེང་།

དཔྱད་གླེང་ཐེངས་བཅུ་གསུམ་པ།

སྤེལ་དུས། 2013-02-06 09:59:03  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

དཔྱད་གླེང་ཐེངས་བཅུ་གསུམ་པ།༡ གསུང་མཁན།ཐེངས་འདིའི་དཔྱད་གླེང་བ་མགར་བརྩེ་ཚུལ་ཁྲིམས་ལགས [པིར་མིང་ལ་རྡོ་རྗེ་སྤུ་གྲི] ཡིན།

200849101019641.jpg

ཁོས་གཞུང་ལུགས་བཀའ་པོད་ལྔར་སྦྱངས་པ་ལེགས་པར་མགར་བརྩེ་ཚུལ་ཁྲིམས་ལགས་ཀྱིས་དཔྱད་གླེང་གནང་བ།མཛད་དེ་དགེ་བཤེས་ཀྱི་མཚན་སྙན་འཐོབ། ད་ལྟ་མགར་བརྩེ་དགོན་པ་ན་འཆད་ ཁྲིད་ཀྱི་ཕྱག་ལས་གནང་བཞིན་ཡོད། ༢ འཚོགས་དུས། ༢༠༠༨ལོའི་ཟླ ༡ བའི་ཚེས ༣ ཉིན་གྱི་ཕྱི་དྲོའི་དུས་ཚོད ༢ ནས ༥ བར་ཡིན། ༣ བརྗོད་སྙིང་། [ཚད་མ་རིག་པའི་བྱུང་འཕེལ]ཞེས་པ། བོད་འདིར་ཚད་མ་རིག་པ་ཇི་ལྟར་དར་ཚུལ་དང་། བོད་ཀྱི་ཚད་མ་རིག་པས་ནང་བསྟན་དང་། བརྡ་སྤྲོད། ལོ་རྒྱུས་སོགས་ལ་ཞིབ་ཆ་འདོན་ལུགས་དང་། རིག་འཕྲུལ་གྱིས་ཤེས་རིག་གི་སྒོ་མོ་འབྱེད་སྟངས་སྐོར་ལ་གསུང་བཤད་གནད་དུ་ཐིངས་པ་གནང་།

200849101134537.jpg

༤ ཚོགས་ཞུགས་པ།ཐེངས་འདིར་ཚོགས་ཞུགས་པ༡༢༠ ཡོད་ལ། མངས་ཆེ་བ་གྲྭ་བ་དང་སློབ་མ་ཡིན། དྲི་བ་འདོན་མཁན་ ༨བྱུང་།