ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔྱད་གླེང་།

དཔྱད་གླེང་ཐེངས་བཅུ་བཞི་བ།

སྤེལ་དུས། 2013-02-06 09:59:36  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

དཔྱད་གླེང་ཐེངས་བཅུ་བཞི་བ། ༡ གསུང་མཁན།

200849111810368.jpg
དགེ་རྒན་ཆེན་མོ་གུར་མགོན་སྐྱབས།

འཆད་ཁྲིད་མཁན་དགེ་རྒན་ཆེན་མོ་གུར་མགོན་སྐྱབས་ཡིན། ཁོང་ཨ་མདོ་གཅན་ཚ་ནས་སྐྱེས། སློབ་ཆུང་ནས་རིམ་བཞིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་བར་མཐར་ཕྱིན།དཔྱད་རྩོམ་མང་བོ་གནང་སྟེ་སྤྱི་ཚོགས་ལ་ཞབས་ཞུ་དྲོན་མོ་བསྒྲུབས་ཡོད་པར་མ་ཟད། སློབ་ཁྲིད་ཀྱི་ཐད་ལ་ཀུན་གྱིས་དགའ་བསུ་འཐོབ་པའི་དགེ་རྒན་ཞིག་ཡིན། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་གྲྭའི་དགེ་རྒན་ཆེན་མོའི་ཕྱག་ལས་གནང་བཞིན་ཡོད། ༢ འཚོགས་དུས།༢༠༠༨ལོའི་ཟླ ༡ ཚེས༡༥ སྔ་དྲོའི་དུས་ཚོད ༡༠ ནས ༡༢。༣༠ བར་ཡིན།༣ བརྗོད་སྙིང་།[སློབ་མའི་སློབ་སྦྱོང་བྱེད་སྟངས་སྐོར་གླེང་བ] ཞེས་པ། རང་གི་མི་ཚེའི་ནང་སློབ་སྦྱོང་ཇི་ལྟར་བྱས་པའི་མྱོང་སྣང་དང་སྦྱར་ཏེ། གཏམ་བཤད་སྤེལ་བར་མ་ཟད། ད་ལྟ་དགེ་རྒན་གྱི་བྱ་ལས་ཁྲོད་སློབ་མ་རྣམས་ཀྱི་སེམས་ཁམས་དང་གནས་བབ་ལ་བརྟག་ཏེ། ཇི་ལྟར་བྱས་ན་ཤེས་ཡོན་འབྱོར་ཐབས་སྐོར་གྱི་གསུང་བཤད་གནང་།

200849112115188.jpg
དཔྱད་གླེང་ལ་གསན་མཁན།

༤ ཚོགས་ཞུགས་པ། ༢༥༠ ཡོད། དེའི་ནང་གྲྭ་བ་དང་། དགེ་རྒན། མངས་ཆེ་བ་སློབ་འབྲིང་སློབ་མ་ཡིན།

200849115011202.jpg
ཐེངས་འདིར་དྲི་བ་འདོན་མཁན་མི ༨ བྱུང་།