ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔེ་མཛོད་ཁང་།

དཔེ་མཛོད་ཁང་གི་ངོ་བོའི་སྐོར།

སྤེལ་དུས། 2013-02-02 11:52:27  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 


    རང་ཅག་གི་དཔེ་མཛོད་ཁང་འདི་ནི་རེབ་གོང་རྫོང་ཐོག་ཡོད་ལ། ཁང་བ་སུམ་ཐོག་ཅན་མུས་གྲུ་བཞི་མ 1200 ཡོད།  ཁང་བ་འདིའི་འོག་ཁང་ཐམས་ཅད་དཔེ་ཆ་དང་དཔེ་སྟེགས་ཀྱིས་གང་ཡོད་ལ། རང་རེའི་དཔེ་མཛོད་ཁང་འདིའི་ནང་དུ་བསྡུ་གཉེར་བྱ་རྒྱུའི་དཔེ་ཆ་ལ་མཚོན་ནའང་། བོད་ཁམས་ཡོངས་དང་།  རྒྱལ་ཁབ་ཕྱི་ནང་ཀུན་ནས་ཡིག་རིགས་སྣ་ཚོགས་ཀྱི་དཔེ་ཆ་དང་། ཁྱད་པར་དུ་བོད་ཁམས་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་སོ་སོས་མཛད་པའི་བཀའ་རྩོམ་བསྡུ་སྒྲིག་བྱེད་བཞིན་ཡོད་པར་མ་ཟད།  ཐ་ན་དམངས་ཁྲོད་ཀྱི་སྣང་བརྙན་གསོན་པོར་བཞེངས་པའི་སྒྲུང་གཏམ་དང་ཁ་མཚར། ས་དཔྱད་སོགས་གནའ་བོའི་དཔེ་རྙིང་སྣུམ་ཟད་ཀྱི་མར་མེ་ནང་བཞིན་གྱུར་བ་རྣམས། དམིགས་འབེན་དུ་བཟུང་ནས་འཚོལ་སྡུད་བྱས་ཏེ། ད་ལྟ་དཔེ་ཆ་མི་ཉུང་བ་ཞིག་བསྡུས་ཡོད། ང་ཚོས་མུ་མཐུད་དུ་དགོན་སྡེ་དང་ལུང་བ་སོ་སོར་བཀྲམས་རྒྱ་ཧ་ཅང་ཆེ་བའི་དཔེ་ཆ་དག་ལོ་སྣ་ལོས་མཐུད་དེ།  རིམ་གྱིས་དཔེ་མཛོད་ཁང་འདི་ཆེས་ཆ་ཚང་ཞིང་དཔེ་སྣ་མ་འཛོམས་པ་མེད་པའི་ལྒིགས་བམ་གྱི་གན་མཛོད་ཉག་ཅིག་ཏུ་བསྐྲུན་རྒྱུ་དེ་ཡིན། གཞན་རྒྱུ་ཆ་རྣམས་ཞིབ་འཇུག་གི་བྲིན་སྒོ་རྒྱ་ཆེར་སྤེལ་སླད་གློག་ལམ་ནས་ཡིག་མཛོད་བེད་སྤྱོད་གཏོང་བའི་ཐབས་ལམ་གཉེར་ཏེ།  ཀློག་པ་པོའི་ཐུགས་དགོངས་བསྐང་ནས་བློ་རྒྱ་བསྐྱེད་རྒྱུ་དང་། ཕྱོགས་ཡོངས་ནས་ལྟ་གཟིགསསུ་ཕེབས་པའི་ཤེས་ལྡན་མི་སྣ་དང་། གསར་གཏོད་མཁན། བསམ་བློ་བ། སློབ་གསོ་མཁས་ཅན་རྣམ་པར་བརྩི་མཐོང་དང་སྣེ་ལེན་བྱེད་སའི་རྟེན་གཞི་ཞིག་དང་། བགྲོ་ལྒིང་བྱེད་ས། བཞེད་ལུགས་འདྲ་མིན་ལ་བཀག་རྒྱ་ཅི་ཡང་མེད་པའི་སྒོ་ནས་གཟུར་གནས་མཁས་པས་དཔྱད་འཇུག་གནང་ས་ཞིག་དང་། གངས་ཅན་བོད་ཀྱི་དཔེ་ཚོགས་ཀྱི་ཁྱད་ནོར་ལ་བརྟེན་ཏེ། བོད་རིག་པའི་ཚེ་སྲོག་སྲ་བརྟན་དང་། འཛམ་གླིང་རིག་  གནས་ཁྲོད་གཏིང་ཟབ་པའི་རིག་གཞུང་གི་ལེགས་སྐྱེས་གྱ་ནོམ་པ་ཞིག་འཇོག་རྒྱུའི་ གདེང་ཚོད་ཡོད། དེ་བས་འདིར་ཕེབས་སྣང་སྤྲོ་བའི་དོན་གཉེར་ཅན་རྣམས་ལ། དཔེ་ཆ་བལྟ་བ་འམ་གཡོར་བ་སོགས་ཞབས་ཞུ་གང་ལེགས་ཤེས་རིག་གླིང་གིས་བསྒྲུབ་རྒྱུ་ཡིན།