ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རྩོམ་རིག

ཁ་པར་ཨང་གྲངས་ཆ་མེད།

སྤེལ་དུས། 2013-10-16 13:13:00  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

རྩོམ་པ་པོ།

ལྡོང་ཆུ་ཤེལ།

 
ཁ་པར་ཨང་གྲངས་ཆ་མེད།།
ཐོས་པའི་གསུང་སྐད་ཆ་ཡོད།།
རྒྱང་རིང་གནས་ཡུལ་འགྲིམས་པའི།།
སྒྲོལ་མས་འབོད་པ་བཏང་བྱུང་།།
 
ལོ་ངོ་བཅུ་སྐོར་ཞིག་ལ།།
གནས་མ་སྒྲོལ་དཀར་མཚོ་མོས།།
ཁ་པར་གཏོང་རྒྱུ་ཕར་བཞག།
འཕྲིན་པ་ཙམ་ཡང་མ་འབྱོར།།
 
ཁྱོ་གས་གཅེས་ལོ་ཟེར་དུས།།
ང་རང་སེམས་ན་མི་འདུག།
ཁྱོ་གའི་སྡང་སྡིག་ཉོ་དུས།།
སྐྱོ་ཡུས་ང་ལ་བརྗོད་བྱུང་།།
 
སྐད་ངག་གཉོམ་པོའི་གདངས་ཀྱིས།།
སྙིང་ནས་དྲན་ཚུལ་ལབ་བྱུང་།།
སེམས་ལ་སྟོང་ཆ་ཤོར་དུས།།
གསབ་མཁན་ང་རང་ཡིན་འདུག།
 
རྒྱ་ལམ་འགྲམ་དུ་ལྷགས་པའི།།
ང་ནི་གྱོོ་མོག་ཆག་རོ།།
དགོས་དུས་གྱང་ཆག་བསབ་ཆོག།
མི་དགོས་ཐང་ལ་གཡུག་ཆོག།
 
ལང་ཚོའི་མེ་ཏོག་སྒང་ལ།།
ཟུར་མིག་གཞན་ལ་གནང་སོང་།།
བུ་གསུམ་ཨ་མར་གྱུར་དུས།།
བདག་ལ་སྙིང་གཏམ་བརྗོད་བྱུང་།།
 
༢༠༡༣.༧.༢