ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རྩོམ་རིག

གལ་སྲིད་དེ་རིང་ནི་ཆེས་མཇུག་མཐའི་ཉིན་མོ་དེ་ཡིན་ན།

སྤེལ་དུས། 2013-10-21 19:09:49  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 ནོར་མཱ་ཁོ་ནེ་ཐུ.མ་རེ་ཁུ།༼ ཨ་རི ༽

 
 
གལ་སྲིད་ཁྱོད་རང་འདི་ལྟར་གཉིད་དུ་ཡུར་བ
ད་ཐེངས་མ་གཏོགས་མཐོང་མི་ཐུབ་པ་དེ་ཤེས་ཡོད་ན
ངས་ཁྱོད་ཀྱི་ལུས་ལ་མལ་ཐུལ་འགེབ་བཞིན
ལྷ་ལ་གསོལ་བ་བཏབ་སྟེ་ཁྱོད་ཀྱི་བླ་སྲོག་མི་འཁྱམས་པའི་རེ་བ་ཞུ་སྲིད
གལ་སྲིད་ཁྱོད་རང་འདི་ལྟར་སྒོའི་ཕྱི་རུ་ཆས་འགྲོ་བ
ད་ཐེངས་མ་གཏོགས་མཐོང་མི་ཐུབ་པ་དེ་ཤེས་ཡོད་ན
ང་ཁྱོད་ལ་འཐམས་ནས་འོ་བྱེད་སྲིད་ལ
ད་རུང་ཡང་དང་བསྐྱར་དུ་ཁྱོད་རང་ཚུར་བོས་ཡོང་སྟེ
ཡང་ཡང་འཐམས་ནས་གློད་མི་སྲིད
  
གལ་སྲིད་ཁྱོད་ཀྱི་དགའ་བའི་དགོད་སྒྲ་འདི
ད་ཐེངས་མ་གཏོགས་ཐོས་མི་ཐུབ་པ་ཤེས་ཡོད་ན
ངས་ཁྱོད་ཀྱི་བཟོ་ལྟ་དེ་བརྙན་ལ་ཕབ་སྟེ
ཉི་མ་རྟག་པར་ཡང་དང་བསྐྱར་དུ་བལྟ་ངེས
 
གལ་སྲིད་དེ་རིང་ནི་ཆེས་མཇུག་མཐའི་ཉིན་མོ་དེ་ཡིན་པ་ཤེས་ན
ངས་སྐད་ཅིག་ཙམ་གྱི་རིང་ཡིན་རུང
ང་རང་ཁྱོད་ལ་དགའ་བ་དེ
ཁྱོད་ཀྱིས་ཤེས་ཡོད་སྲིད་སྙམ་ནས་མི་འཇོག་པར
ཁྱོད་ལ་དགའ་ཞེས་བརྗོད་ངེས
 
དུས་རྟག་ཏུ་སང་ཉིན་བསླེབ་ཡོང་བར་རེ་སྒུག་བྱས་ཆོག
ཡིན་ནའང གལ་ཏེ་དེ་ནི་ངའི་འཁྲུལ་སྣང་དུ་གྱུར་ཏེ
དེ་རིང་ཡོད་ཚད་འཇིག་འགྲོ་བའི་དབང་དུ་བཏང་ན
ངས    དེ་རིང
ང་ཁྱོད་ལ་ཅི་ཙམ་དགའ་ནས་ཡོད་པ་ཁྱོད་ལ་བརྗོད་བཞིན
འུ་གཉིས་ཀྱི་བརྩེ་བའི་རི་མོ་འདི་ནམ་ཡང་སེམས་ལ་བརྐོ་སྲིད
 
གཞོན་སོ་དཀར་དང་རྒན་མགོ་དཀར་སུ་ཡིན་རུང
སང་ཉིན་ནི་ག་འདྲ་ཞིག་ཡིན་མིན་དེ་སུ་ཞིག་གིས་ཀྱང་མི་ཚོར་བས
ཁྱོད་ཀྱིས་དུང་བའི་མི་དེར་འཐམ་འཁྱུད་བྱས་པ་འདི
དེ་རིང་ནི་ཆེས་མཐའ་མ་རུ་འགྱུར་མི་སྲིད་པའི་ངེས་པ་ག་ལ་ཡོད
 
གལ་སྲིད་དེ་རིང་ནི་ཁྱོད་ཀྱི་ཆེས་མཇུག་མཐའི་ཉིན་མོ་དེ་ཡིན་ན
ཁྱོད་ཀྱིས་ཅིའི་ཕྱིར་སང་ཉིན་ལ་སྒུག་སྟེ་ཡོད་ཚད་སང་ཉིན་ལ་བཅོལ་དགོས་སམ
སང་ཉིན་མེད་པའི་དབང་དུ་བཏང་ན
དེ་རིང་མ་སྒྲུབ་པ་དེར་འགྱོད་པ་སྐྱེ་སྲིད
 
ཉིན་མོ་དེར་ཁྱོད་རང་བྲེལ་ཟིང་གི་ཀློང་དུ་འཐིམས་ཏེ
རང་ཉིད་དུང་བའི་མི་དེར་དགའ་བའི་འཛུམ་ཞིག་དང
བརྩེ་བའི་འཐམས་འཁྱུད་ཞིག
བྱམས་པའི་འོ་བྱས་ཏེ་
མི་དེའི་ཆེས་མཐའ་མའི་འདོད་བློ་ཙམ་ཡང་སྐོང་མ་ཐུབ་པ་ཅིའི་ཕྱིར
 
དེའི་ཕྱིར་དེ་རིང    
ཁྱོད་ཀྱིས་རང་ཉིད་སེམས་མཛའ་བའི་མི་དག
ཡ་ཐོད་ཀྱི་མིག་དང་ཡ་ཁོག་གི་སྙིང་ལྟར་གཅེས་དགོས་ལ
ད་རུང་དགའ་བའི་སེམས་རིས་བསྟན་དེ
ནམ་ཡིན་ཡང  ཁྱོད་ཀྱི་སེམས་ནང་ན་ཁོང་ཚོ་མིག་ལྟར་གཅེས་བ་བརྗོད་དགོས
རྣ་ལམ་དུ་ལྷད་མེད་ཀྱི་སྙིང་གཏམ་ཤབ་ཤུབ་རེ་རེ་ཟློ་བ་དང
དུས་རྟག་ཏུ་དགོངས་དག་ཞུ   གུ་ཡངས་གནང་རོགས  ཐུགས་རྗེ་ཆེ   སྐྱོན་མི་འདུག་ཅེས་བརྗོད་དགོས
དེ་ལྟར་བྱས་ཚེ  གལ་སྲིད་སང་ཉིན་གྱི་སྐྱ་མདའ་མ་ཤར་ནའང
དེ་རིང་ལ་ཁག་དཀྲི་མི་སྲིད་དོ
        ༼ བུམ་པ་རྒྱལ་དང་ཨ་ཤུལ་ཚེ་རིང་སྐྱིད་ཀྱིས་བསྒྱུར ༽