ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > རྩོམ་རིག

འཇར་པན་གྱི་ཨ་མའི་ཁྱིམ་གྱི་བསླབ་བྱ་ཚིག་བཅུ་མ།

སྤེལ་དུས། 2018-09-02 15:15:21  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

    གཡོན་རུ་རིན་ཆེན་དོན་གྲུབ་ཀྱིས་བསྒྱུར།

 ༡ མི་ལ་འཕྲད་དུས་རང་འགུལ་གྱིས་ཁམས་བདེ་འདྲི་དགོས་པ་དང་། རང་ལ་ཕན་པའི་ལས་དོན་སྒྲུབ་མཁན་དང་རོགས་རམ་བྱེད་མཁན་གྱི་མི་སུ་ཞིག་ཡིན་རུང་ཕྱིར་ངེས་པར་དྲིན་ཚོར་བའི་རྣམ་འགྱུར་དང་བཀའ་དྲིན་ཞུ་དགོས་པ་མ་ཟད། མི་ལ་འོ་བརྒྱལ་དང་སུན་སྣང་བཟོས་པ་ཡིན་ན་ངེས་པར་ཡུལ་དངོས་སུ་དགོངས་དག་ཞུ་དགོས།

༢ མི་མང་འདུ་འཛོམ་བྱ་ཡུལ་དུ་༼  རྩེད་འཇོ་རོལ་ཆོག་པའི་ས་གནས་ཕུད  ༽ སྐད་ཤུགས་ལ་ཚོད་འཛིན་བྱས་ནས་ཁ་བརྡའི་ནང་དོན་ཕ་རོལ་པོའི་གོ་མི་ཐུབ་པ་བྱེད་དགོས།

༣ ཨ་ཕར་བཤད་འདོད་མེད་པའི་དོན་དག་དེ་ཨ་མར་བཤད་ཆོག་ལ། ཨ་མར་བཤད་འདོད་མེད་པའི་དོན་དག་དེ་ཨ་ཕར་བཤད་ཀྱང་ཆོག ཡིན་ནའང་། ཕ་མ་གཉིས་ཀྱི་གཅིག་ལའང་མ་བཤད་ན་མི་ཆོག

 ༤ མི་ལ་མགོ་སྐོར་གཏོང་མི་ཆོག གལ་སྲིད་མི་ལ་མགོ་སྐོར་བཏང་བ་ཡིན་ན་རང་ཉིད་ཀྱི་གྲོགས་པོ་དང་ཁྱིམ་མིའི་རིན་ཐང་བྲལ་བའི་ཡིད་རྟོན་ཤོར་འགྲོ་བ་ཡིན་སྟབས། ཁྱོད་རང་མི་ཚེ་གཅིག་ལ་བློ་འགྱོད་སྐྱེས་ངེས་ཡིན།

 ༥ གལ་སྲིད་རྒྱག་རེས་བྱེད་པ་ལས་ཡོལ་མི་ཐུབ་ན། འཐབ་འཛིང་གི་ལག་ཆ་བཀོལ་བ་དང་སོ་རྒྱག་པ་སོགས་ཀྱི་བྱ་སྤྱོད་སྤེལ་མི་རུང་བ་མ་ཟད། ད་དུང་མིག་ལ་འཚེ་བའི་སྦྱོར་བ་ཡང་བརྩམ་མི་ཆོག་པ་ཕུད། གཅར་རྡུང་ནན་མོ་བྱོས་དང་ཨ་མས་ཁྱེད་ལ་རྒྱལ་ཁ་ཐོབ་པར་རེ་སྒུག་བྱས་ཡོད།

 ༦ ས་ནས་རྙེད་པའི་དོང་ཙེ་རང་ཉིད་ཀྱི་གསོག་དངུལ་བྱེད་ཆོག་མོད། འོན་ཀྱང་། སྒོར་ཁུག་རང་ཉིད་ཀྱི་གཏན་ནས་བྱེད་མི་ཆོག

༧ མི་གཞན་གྱིས་ལྷག་བསམ་རྣམ་དག་གིས་སྤྲད་པའི་བཟའ་བཅའ་ལ་གལ་སྲིད་ཁྱོད་རང་དགའ་པོ་མེད་ཚེ། ༼  ལྟོ་བ་རྒྱག་ནས་ཟ་ས་མི་འདུག  ་༽ཅེས་ཤོད་དགོས་པ་ལས། ༼  ཟ་རྒྱུ་དེ་ཞིམ་པོ་མི་འདུག  ་༽ཅེས་གཏན་ནས་བཤད་མི་རུང་།

༨ ཟས་རིགས་དང་བྱ་དངོས་གང་ཞིག་ཡིན་རུང་ཡོད་ཚད་ལ་ཚེ་སྲོག་ཡོད་པས། ཟ་ཆོག་ཆོག་དང་གཡུགས་ཆོག་ཆོག་གཏན་ནས་བྱེད་མི་རུང་།

༩ ཐུན་མོང་དང་རིན་ཐང་ཅན་གྱི་བསམ་འཆར་ལ་བབ་དང་བསྟུན་ནས་བརྩི་སྲུང་བྱེད་དགོས་མོད། རང་ཉིད་ཀྱི་བསམ་ཚུལ་ངེས་པར་དུ་རྒྱུན་འཁྱོངས་བྱེད་ཐུབ་དགོས།

༡༠ མི་བུ་སོ་སོར་ཐུན་མོང་མ་ཡིན་པའི་རུས་མིང་དང་བཟོ་ལྟ༼  ཚུགས་ཀ  ༽རེ་ཡོད་པས། གཞན་དང་བསྡུར་དགོས་དོན་གཏན་ནས་མེད། འོན་ཀྱང་། ཁྱེད་རང་ཉེན་ཁ་དང་འཕྲད་ཚེ་སྐད་གསེང་མཐོན་པོས་འབོད་བརྡ་གཏོང་ཆོག་ལ། ད་དུང་རྫུན་བཤད་པ་དང་སོ་རྒྱག་པ། མིག་ལ་འཚེ་བའི་སྦྱོར་བ་བརྩོམ་པ། རྐུ་བྱེད་པ། རིན་ཐང་ཅན་གྱི་ཅ་ལག་གང་རུང་གས་གཏོར་གཏོང་ཆོག་པ་མ་ཟད། ཁྱོད་ཀྱིས་གོ་ཐོས་བྱུང་བའི་སྒྲིག་སྲོལ་གང་ཡང་བརྩི་སྲུང་མ་བྱས་ཀྱང་ཆོག རྒྱུ་མཚན་ནི་ཁྱོད་ཀྱི་ཚེ་སྲོག་ལས་རིན་ཐང་ཆེ་བ་ཞིག་མེད་པས་སོ།།