ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

ཨ་རི་ལ་ནང་བསྟན་དར་ཚུལ།

སྤེལ་དུས། 2013-10-23 07:11:02  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

                         དཔའ་རིས་འཇིགས་བྲལ་བསྟན་པའི་རྒྱལ་མཚན། (ཧྲི་ཅ་ཀྲོང)

 
    སྟོབས་འབྱོར་མངའ་ཐང་འཛམ་གླིང་རིལ་བོའི་དབུ་རྩེ་ན་འགྱིངས་པའི་ནུབ་ཕྱོགས་རྒྱལ་ཁམས་ཨ་རི་ལྟ་བུར་མཚོན་ན། མཉམ་མེད་བུ་རམ་ཤིང་བའི་བཀའ་གསུང་དྲི་མ་མེད་པར་ཐོས་བསམ་དང་ཞིབ་འཇུག་གི་དུས་ཚིགས་ཨིན་ཇི་དང་ཧྥ་རན་སི། འཇར་མན་སོགས་ལས་ཕྲན་བུ་འཕྱི་བར་མངོན་ཀྱང་། ད་ལྟ་ནི་ནང་ཆོས་ཀྱི་གཞུང་ལ་ཐོས་བསམ་ཞིབ་འཇུག དར་སྤེལ་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་དེ་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་སྔོན་དུ་བསྐྱོད་བཞིན་ཡོད། 
      སྤྱིར་བཏང་། ཨ་རི་བས་ནང་ཆོས་ལ་ཐོག་མར་ཡིད་སེམས་འཁོར་བའི་དུས་སྐབས་ནི་ཧ་ལམ་སྤྱི་ལོ༡༨༧༣ཡིན་པར་བཤད། ལོ་འདིར་གནས་བརྟན་སྡེ་བའི་བསྟན་པ་རྒྱ་ཆེར་དར་བའི་སིང་ག་ལའི་ནང་ཆོས་དང་ཡེ་ཤུ་ཆོས་ལུགས་བར་ལ་སྐད་གྲགས་ཅན་གྱི་ཆོས་རྩོད་འགྲན་ཚོགས་ཞིག་བྱུང་བས། དེའི་སྙན་གྲགས་འཛམ་གླིང་ཡུལ་གྲུ་སོ་སོར་ཁྱབ་ཅིང་ལོ་དེར་ཨ་རི་བ་དཔྱོད་ལྡན་ཨོར་ཁི་ཟེར་བ་སིང་ག་ལར་རིག་གཞུང་རྟོགས་ཞིབ་ལ་ཕེབས་སྟེ་སངས་རྒྱས་ལ་མི་ཕྱེད་པའི་དད་པ་འཁྲུངས། མཐར་མཆོག་གསུམ་སྤྱི་བོར་བཀུར་ནས་སྐྱབས་སུ་བཟུང་། སྤྱི་ལོ༡༨༩༤ལ་དཔྱོད་ལྡན་པོར་ཁ་རོ་སི་ནས་ཨ་རིར་པར་བསྐྲུན་བྱས་པའི་དེབ《 སངས་རྒྱས་ཀྱི་གཟི་བརྗིད》ཟེར་བ་བརྗོད་བྱ་མང་ཤོས་སང་ག་ལའི་གནས་བརྟན་སྡེ་བའི་གཞུང་ལ་བརྟེན་ཡོད། སྤྱི་ལོ༡༨༩༣ལ་ཨ་རིའི་གྲོང་ཁྱེར་ཀྲེན་ཁོབ chicago ནང་འཚོགས་པའི་འཛམ་གླིང་ཆོས་ལུགས་ཚོགས་འདུ་ཆེན་མོའི་སྟེང་སང་ག་ལའི་དགེ་བསྙེན་མཁས་དབང་ཆེན་མོ་དྡྷརྨ་པཱ་ལ DharmaPala ཞལ་སྔ་ནས་གསུང་གླེང་གལ་ཆེན་མཛད་རྐྱེན། ནང་ཆོས་ཀྱི་ལྟ་དགོངས་ཁྱབ་ཁོངས་དེ་ཨ་རིའི་སྤྱི་ཚོགས་ནང་སྙན་པ་དང་གྲགས་པས་ཁྱབ། སྤྱི་ལོ༡༨༩༥ལ་ནང་ཆོས་ལ་དོ་སྣང་ཆེ་བའི་དཔྱོད་ལྡན་སྐོར་ཞིག་གིས་ཨ་རིའི་གྲོང་ཁྱེར་ཉུག་འོག New York ནས་ཡེ་ཤེས་ཚོགས་པ་ཟེར་བའི་ཆོས་ཚོགས་བཙུགས། དེའི་མུར། ནང་ཆོས་ལྟ་དགོངས་གཙོ་བོ་རིགས་དྲུག་འཁོར་བ་དང་རྒྱུ་འབྲས་ཀྱི་ཁྱད་པར། མྱང་འདས་ཀྱི་སྐོར་སོགས་དབྱིན་ཡིག་ཏུ་བསྒྱུར་ནས་པར་བསྐྲུན་བྱས་ཀྱང་འཕྲིན་ལས་ཆེར་མ་རྒྱས། རྒྱ་གར་གྱི་རིག་གཞུང་དང སཾསྐྲི་ཏའི་སྐད་ལ་
ཆགས་ཐོག་མེད་པའི་ཨ་རིའི་མཁས་པ་ཆེན་མོ C·R·རམ་མན་མཆོག་གིས་སྤྱི་ལོ༡༨༩༡ལ《 ཤར་ཕྱོགས་རིག་གཞུང་ཀུན་བཏུས་ཆེན་མོ》ཞེས་བྱ་བ་རྩོམ་སྒྲིག་བྱས་ནས་ཧར་བེ་ཐི་གཙུག་ལག་སློབ་གླིང ( Harvard )ནས་པར་
དུ་བསྐྲུན། མཁས་དབང་འདི་བ་རྒྱ་གར་ལ་ཕེབས་ནས་ཡིག་རྙིང་མང་བོ་ཕྱོགས་བསྒྲིགས་བྱས་མྱོང་བར་མ་ཟད། 
《 སཾསྐྲི་ཏའི་སྐད་ལ་འཇུག་པའི་ཐབས 》སོགས་ལྗགས་རྩོམ་མང་། སྤྱི་ལོ༡༩༥༠ལ་དཔྱོད་ལྡན་ཨོར་རིན་དང་ཁི་ར་
ཁི (Henry Clrke Warren) གཉིས་ཀྱིས་མཉམ་བསྒྱུར་བྱས་པའི་གནས་བརྟན་པའི་གཞུང《 ཡང་དག་པའི་ལམ་གྱི་རིམ་པ་བཤད་པ》ཞེས་པ་པར་དུ་བསྐྲུན། སྤྱི་ལོ༡༩༥༥ལ་འཇར་པན་དུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་ལེར་ཞོར་ཟེར་བས་བསྒྱུར་བའི་འཇར་པན་གྱི་ནང་ཆོས་བསྟན་བཅོས《 ཆེན་པོ་ཐང་གུར་དུ་ཆོས་ལ་བརྩོན་པའི་མཐོང་ཐོས》ཟེར་བ་པར་བསྐྲུན་བྱས། ཨ་རིའི་ཡེལ་གཙུག་ལག་སློབ་གླིང( Yale )གི་མཁས་དབང་ཨེར་ཇི་ཐོན་གྱིས་
བརྩམས་པའི《 སཾསྐྲི་ཏའི་སྐད་དེབ་དང་ཚིག་མཛོད 》ཅེས་པ་དང་གོང་སྨྲས་མཁས་དབང་ཆེན་མོ C·R·རམ་མན་
གྱིས་བརྩམས་པའི《 སཾསྐྲི་ཏའི་བརྡ་སྤྲོད》དང《 ནང་ཆོས་ཡིག་བསྒྱུར》། 《 ཆོས་ཀྱི་ཚིགས་སུ་བཅད་པའི་འགྲེལ》《 མདོ་ཀུན་བཏུས》སོགས་སྐབས་དེའི་སྤྱི་ཚོགས་ནང་དགའ་བསུ་ཐོབ་པས་འཕྲིན་ལས་ཆེར་རྒྱས་པར་མངོན། 
      ཁྱད་པར་དུ་ཨ་རིའི་མཁས་དབང་ཁི་ར་ཁི( Henry Clarke Warren )འདི་བ་ནི་སྤྱི་ལོ༡༨༥༤ལ་གྲོང་ཁྱེར་ཆེན་པོ་པོ་སི་ཏོན་ནས་སྐྱེས། རྟ་ཐོག་ནས་འགྱེལ་བས་རྐང་ལག་ལ་སྐྱོན་ཤོར་ཡང་ཆུང་དུས་ནས་པ་ལ་ཐུབ་དང་ཁང་ཏིའི་མཚན་ཉིད་རིག་པར་སྦྱངས། ཕྱིས་ནང་ཆོས་ལ་ཐོས་བསམ་མཛད་དེ་བཀའ་སྡེ་སྣོད་ལ་མཁས་པའི་གོ་འཕང་བརྙེས། ནང་ཆོས་ཀྱི་བཀའ་དགོངས་འགྲེལ་དང་བཅས་པ་ཨ་རིའི་ནང་དར་ཁྱབ་གོང་འཕེལ་ལ་མཛད་པ་ཡང་།མི་ཚེ་གང་གི་རྒྱུ་ནོམ་པ་ཡོད་ཚད་གནས་བརྟན་སྡེ་ཆོས་ཚོགས་ལ་ཞལ་འདེབས་སུ་ཕུལ། སྤྱི་ལོ༡༨༩༩ལ་ཞི་བར་གཤེགས། ད་དུང་ཚད་མ་རིག་པ་ལ་མཆོག་ཏུ་མཁས་པའི་དཔྱོད་ལྡན་ཧྲི་དར་དང་རྒྱ་གར་གྱི་ནང་ཆོས་དང་ཕྱི་རོལ་རྗེན་གྱི་ཆོས་ཚུགས། རྒྱ་ནག་གི་ནང་ཆོས་བཅས་ལ་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བའི་མཁས་པ་རན་ཁ་སི་ཀྲི་སོགས་ཀྱང་ཡོད། རན་ཁ་སི་ཀྲི་འདི་བས་ད་ལྟ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཁམ་པོ་ཀྲི་གློག་ཀླད་ནང་འཇུག་པར་བརྩོན་པ་བསྐྱེད་བཞིན་གདའ། མཉམ་འབྲེལ་རྒྱལ་ཚོགས་ཁོངས་འཛམ་གླིང་ནང་ཆོས་ཞིབ་འཇུག་ཚོགས་པའི་དྲུང་ཆེན་མོ A·K·ན་ར་མཆོག་གིས་ཀྱང་ནང་ཆོས་འཕེལ་རྒྱས་ལ་ལེགས་མཛད་ཆེ།གཞན་དུ་ན། ཨ་མེར་སིས་བརྩམས་པའི་དེབ《 ཏིང་ངེ་འཛིན་གྱི་དགོངས་དོན་དང་ཨ་རིའི་བསམ་བློ》། (༡༩༧༢ལོར་པར་དུ་བསྐྲུན)ཀྲོ་མུ་རན་གྱིས་བརྩམས་པའི《 དེང་དུས་ཀྱི་འཛམ་གླིང་ནང་ཆོས》(༡༩༦༠ལོར་པར་དུ་བསྐྲུན)ཁཱ་རོ་ཕུས་བརྩམས་པའི《 ཏིང་ངེ་འཛིན་གྱི་ཡན་ལག་གསུམ》ཧྥི་ལོ་མིས་བརྩམས་པའི《 སེམས་ཀྱི་དབྱེ་འབྱེད་དང་ནང་ཆོས་ཀྱི་བསམ་གཏན》ཟེར་བ་དང《 དགའ་བའི་སྒྱུ་རྩལ》གུ་རི་རོ་མུས་བརྩམས་པའི《 ཡེ་ཤུའི་ཆོས་ལུགས་ཁྲོད་ཀྱི་ཏིང་ངེ་འཛིན་གྱི་ལྟ་བ》ལ་སོགས་པ་དང་། འཇར་པན་གྱི་ནང་ཆོས་མཁས་པའི་དབང་བོ་ཧྲིབ་ཙོ་ཁེན( Suzuki )དབྱིན་ཡིག་གི་བརྩམས་བསྒྱུར་བྱས་པའི་བསྟན་བཅོས་སོགས་ཀྱང་ཨ་རིའི་རྒྱལ་ཁམས་སུ་དོན་གཉེར་དང་ལྡན་པ་རྣམས་ལ་མུན་སེལ་གྱི་སྒྲོན་མེ་དང་ལམ་སྟོན་གྱི་དེད་དཔོན་ལྟ་བུར་གྱུར་ཡོད། 
      འཇར་པན་གྱི་ནང་ཆོས་ཀྱང་ཨ་རིར་དར་སྔ། ཕལ་ཆེར་སྤྱི༡༨༩༩ལ་འཇར་པན་གྱི་ནང་ཆོས་མཁས་པ་ཆེན་པོ Yuantian Zonghui ཟེར་བ་ཨ་རིའི་ཕེབས་པ་ནས་དར་མགོ་ཚུགས། འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྔ་
རྗེས་སུ་འཇར་པན་ནང་ཆོས་ཀྱི་གྲུབ་མཐའ་ཁག་ལྔ་ཙམ་དགོན་སྒྲུབ་སྡེ་དང་ཆོས་ཚོགས་ཨ་རིའི་ཡུལ་གྲུ་མང་བོར་དར་ཁྱབ་བྱུང་། འདིའི་ལྟ་དགོངས་གཙོ་བོ་ཏིང་ངེ་འཛིན་དང་སྒོམ་གྱི་ཆོས་སྐོར་ཡིན། ནང་སྒོས་སུ་འཇར་པན་གྱི་དེང་རབས་ནང་ཆོས་ཀྱི་དྲན་དབང་ཆེན་མོ་ཧྲིབ་ཙོ་ཁེན( Suzuki)འདི་བ་སྤྱི་ལོ༡༩༤༨ལ་ཨ་རིར་ཕེབས་སྟེ་ནང་ཆོས་ཐད་ཀྱི་ཚོགས་འདུ་དང་བགྲོ་གླེང་ཐེངས་མང་མཛད་པས་རྣམ་དཔྱོད་ཀྱི་ཁོ་ལག་རྫོགས་པའི་མཁས་པ་དང་གསར་སློབ་པ་མང་བོ་ནང་བའི་སྐྱབས་འོག་ཏུ་བཅུག མ་འགྱངས་པར་སྐད་གྲགས་ཅན་ཚོགས་པ " ཨ་རིའི་ནང་ཆོས་ལྷན་ཚོགས " ( B·C·A)ཟེར་བ་བཙུགས་སྟེ་ཨ་རིར་དར་ཁྱབ་ཡོད་པའི་འཇར་པན་གྱི་ནང་ཆོས་ལྟ་གྲུབ་ཡོད་ཚད་དབུ་འཛིན་ལྟ་བུའམ་སྟོབས་ཤུགས་སུ་གྱུར། ད་ལྟ་ཨ་རིའི་ནང་འཇར་པན་ནང་ཆོས་ལ་ཕྱོགས་པའི་དད་ལྷན་ཧ་ལམ་ཁྲི་སུམ་ཅུར་ཉེ་བར་བཤད། ཁོང་ཚོས་ལྟ་དགོངས་ཁྱབ་སྒྲོག་བྱེད་སའི་དུས་དེབ་གལ་ཆེན་གཉིས་ནི་དབྱིན་ཡིག་གི《 སངས་རྒྱས་ཀྱི་དུས་རབས》ཟེར་བ་དང《 འཛམ་གླིང་གླེང་སྟེགས》ཟེར་བ་སྐད་གྲགས་ཆེ། ཨོར་ཁི་སི་ཧྥོར་རྡི(HarVard)སློབ་གྲྭ་ཆེན་མོའི་འཛམ་གླིང་ཞིབ་འཇུག་ལྟེ་གནས་ཀྱིས་ཀྱང་རྒྱ་ནག་གི་ནང་ཆོས་ལ་ཞིབ་འཇུག་ལྟ་གནད་ཀྱིས་ཀྱང་རྒྱ་ནག་གི་ནང་ཆོས་ལ་ཞིབ་འཇུག་བྱས་པའི་རྩོམ་དེབ་གཙོ་གྲས་སྐོར་ལ། 《 སྤྱི་ལོ༡༩༠༠ནས་སྤྱི་ལོ༡༩༥༠བར་གྱི་རྒྱ་ནག་ནང་ཆོས་ཀྱི་གནས་སྟངས་སྐོར》(༡༠༦༧ལོ་པར་བསྐྲུན་བྱས)ཞེས་པ་དང་《 བསྐྱར་དུ་དར་བཞིན་པའི་རྒྱ་ནག་གི་ནང་ཆོས》ཞེས་པ་དང《 མོ་ཙེ་ཏུང་གི་དབང་བསྒྱུར་ག་འོག་གི་ནང་ཆོས་གནས་སྟངས》 (༡༩༧༢ལོར་པར་བསྐྲུན་བྱས)གཞན་ད་དུང《 རྒྱ་ནག་གི་ནང་ཆོསགསར་འགྲེལ》དང《 རིག་གནས་གསར་བརྗེ་ཆེན་པོའི་རྗེས་ཀྱི་རྒྱ་ནག་གི་ནང་ཆོས》སོགས་ལྗགས་རྩོམ་རིན་ཐང་ཅན་མང་དུ་གདའ། ཨ་རི་བ་ཁར་སྤོ་ཁ་ན་དང་རིལ་ཐི་རྣམ་གཉིས་ནང་ཆོས་ཐེག་ཆེན་གྱི་ལྟ་དགོངས་ལ་ཞིབ་འཇུག་གི་འབྲས་བུ་དགེ་བར་མ་ཟད་དབུ་མའི་ལྟ་བ་དང་རྒྱ་ནག་གི་ནང་ཆོས་ལ་ཡང་མཁས་པར་བཞེད། ཨ་རིར་རྒྱུན་བཞུགས་འཇར་པན་པ་པེ་ཁྲོན་དང་རྒྱ་ནག་པ་ཁྲིན་ཀོན་ཧྲིན( Kennethchen )པ་ཀྲིག་སོགས་ཀྱང་ནང་ཆོས་ལ་མཁས་པའི་ཡར་རྩེར་སོན། ཁྱད་པར་དུ་ཁྲིན་ཀོན་ཧྲིན་གྱི་ལྗགས་རྩོམ་ལ《 ནང་ཆོས་ཀྱི་འགྱུར་བཅོས་འོག་གི་རྒྱ་ནག》( The Chinese Transformation Of Buddhism )ཟེར་བ་གྲགས་ཆེ། པན་ཀྲིག་ཀྱང་ཆུང་དུས་སིང་ག་ལར་ཕེབས་ནས་གནས་བརྟན་སྡེ་བའི་གཞུང་ལ་ཐོས་བསམ་རྣལ་མ་བྱས་ཤིང་། ལྗགས་རྩོམ་གཙོ་བོ་ལ《 རྒྱལ་བོ་མ་བུ་དེས་དྲིས་པའི་མདོ》སོགས་གནས་བརྟན་པའི་སྡེ་སྣོད་མང་དུ་བསྒྱུར་ནས་པར་བསྐྲུན་བྱས། ད་དུང་ཨ་རིར་བཞུགས་པ་རྒྱ་ནག་གི་ནང་ཆོས་མཁས་པ་དང་དེ་དག་གི་ཆོས་ཚོགས་མང་དུ་ཡོད་པའི་གཙོ་ཆེ་ཤས་དགེ་བསྙེན་མཁས་པ་ཧྲིན་ཅ་ཀྲིན་གྱིས་སྤྱི་    སྟོབས་འབྱོར་མངའ་ཐང་འཛམ་གླིང་རིལ་བོའི་དབུ་རྩེ་ན་འགྱིངས་པའི་ནུབ་ཕྱོགས་རྒྱལ་ཁམས་ཨ་རི་ལྟ་བུར་མཚོན་ན། མཉམ་མེད་བུ་རམ་ཤིང་བའི་བཀའ་གསུང་དྲི་མ་མེད་པར་ཐོས་བསམ་དང་ཞིབ་འཇུག་གི་དུས་ཚིགས་ཨིན་ཇི་དང་ཧྥ་རན་སི། འཇར་མན་སོགས་ལས་ཕྲན་བུ་འཕྱི་བར་མངོན་ཀྱང་། ད་ལྟ་ནི་ནང་ཆོས་ཀྱི་གཞུང་ལ་ཐོས་བསམ་ཞིབ་འཇུག དར་སྤེལ་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་དེ་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་སྔོན་དུ་བསྐྱོད་བཞིན་ཡོད། 
      སྤྱིར་བཏང་། ཨ་རི་བས་ནང་ཆོས་ལ་ཐོག་མར་ཡིད་སེམས་འཁོར་བའི་དུས་སྐབས་ནི་ཧ་ལམ་སྤྱི་ལོ༡༨༧༣ཡིན་པར་བཤད། ལོ་འདིར་གནས་བརྟན་སྡེ་བའི་བསྟན་པ་རྒྱ་ཆེར་དར་བའི་སིང་ག་ལའི་ནང་ཆོས་དང་ཡེ་ཤུ་ཆོས་ལུགས་བར་ལ་སྐད་གྲགས་ཅན་གྱི་ཆོས་རྩོད་འགྲན་ཚོགས་ཞིག་བྱུང་བས། དེའི་སྙན་གྲགས་འཛམ་གླིང་ཡུལ་གྲུ་སོ་སོར་ཁྱབ་ཅིང་ལོ་དེར་ཨ་རི་བ་དཔྱོད་ལྡན་ཨོར་ཁི་ཟེར་བ་སིང་ག་ལར་རིག་གཞུང་རྟོགས་ཞིབ་ལ་ཕེབས་སྟེ་སངས་རྒྱས་ལ་མི་ཕྱེད་པའི་དད་པ་འཁྲུངས། མཐར་མཆོག་གསུམ་སྤྱི་བོར་བཀུར་ནས་སྐྱབས་སུ་བཟུང་། སྤྱི་ལོ༡༨༩༤ལ་དཔྱོད་ལྡན་པོར་ཁ་རོ་སི་ནས་ཨ་རིར་པར་བསྐྲུན་བྱས་པའི་དེབ《 སངས་རྒྱས་ཀྱི་གཟི་བརྗིད》ཟེར་བ་བརྗོད་བྱ་མང་ཤོས་སང་ག་ལའི་གནས་བརྟན་སྡེ་བའི་གཞུང་ལ་བརྟེན་ཡོད། སྤྱི་ལོ༡༨༩༣ལ་ཨ་རིའི་གྲོང་ཁྱེར་ཀྲེན་ཁོབ chicago ནང་འཚོགས་པའི་འཛམ་གླིང་ཆོས་ལུགས་ཚོགས་འདུ་ཆེན་མོའི་སྟེང་སང་ག་ལའི་དགེ་བསྙེན་མཁས་དབང་ཆེན་མོ་དྡྷརྨ་པཱ་ལ DharmaPala ཞལ་སྔ་ནས་གསུང་གླེང་གལ་ཆེན་མཛད་རྐྱེན། ནང་ཆོས་ཀྱི་ལྟ་དགོངས་ཁྱབ་ཁོངས་དེ་ཨ་རིའི་སྤྱི་ཚོགས་ནང་སྙན་པ་དང་གྲགས་པས་ཁྱབ། སྤྱི་ལོ༡༨༩༥ལ་ནང་ཆོས་ལ་དོ་སྣང་ཆེ་བའི་དཔྱོད་ལྡན་སྐོར་ཞིག་གིས་ཨ་རིའི་གྲོང་ཁྱེར་ཉུག་འོག New York ནས་ཡེ་ཤེས་ཚོགས་པ་ཟེར་བའི་ཆོས་ཚོགས་བཙུགས། དེའི་མུར། ནང་ཆོས་ལྟ་དགོངས་གཙོ་བོ་རིགས་དྲུག་འཁོར་བ་དང་རྒྱུ་འབྲས་ཀྱི་ཁྱད་པར། མྱང་འདས་ཀྱི་སྐོར་སོགས་དབྱིན་ཡིག་ཏུ་བསྒྱུར་ནས་པར་བསྐྲུན་བྱས་ཀྱང་འཕྲིན་ལས་ཆེར་མ་རྒྱས། རྒྱ་གར་གྱི་རིག་གཞུང་དང སཾསྐྲི་ཏའི་སྐད་ལ་
ཆགས་ཐོག་མེད་པའི་ཨ་རིའི་མཁས་པ་ཆེན་མོ C·R·རམ་མན་མཆོག་གིས་སྤྱི་ལོ༡༨༩༡ལ《 ཤར་ཕྱོགས་རིག་གཞུང་ཀུན་བཏུས་ཆེན་མོ》ཞེས་བྱ་བ་རྩོམ་སྒྲིག་བྱས་ནས་ཧར་བེ་ཐི་གཙུག་ལག་སློབ་གླིང ( Harvard )ནས་པར་
དུ་བསྐྲུན། མཁས་དབང་འདི་བ་རྒྱ་གར་ལ་ཕེབས་ནས་ཡིག་རྙིང་མང་བོ་ཕྱོགས་བསྒྲིགས་བྱས་མྱོང་བར་མ་ཟད། 
《 སཾསྐྲི་ཏའི་སྐད་ལ་འཇུག་པའི་ཐབས 》སོགས་ལྗགས་རྩོམ་མང་། སྤྱི་ལོ༡༩༥༠ལ་དཔྱོད་ལྡན་ཨོར་རིན་དང་ཁི་ར་
ཁི (Henry Clrke Warren) གཉིས་ཀྱིས་མཉམ་བསྒྱུར་བྱས་པའི་གནས་བརྟན་པའི་གཞུང《 ཡང་དག་པའི་ལམ་གྱི་རིམ་པ་བཤད་པ》ཞེས་པ་པར་དུ་བསྐྲུན། སྤྱི་ལོ༡༩༥༥ལ་འཇར་པན་དུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་ལེར་ཞོར་ཟེར་བས་བསྒྱུར་བའི་འཇར་པན་གྱི་ནང་ཆོས་བསྟན་བཅོས《 ཆེན་པོ་ཐང་གུར་དུ་ཆོས་ལ་བརྩོན་པའི་མཐོང་
ཐོས》ཟེར་བ་པར་བསྐྲུན་བྱས། ཨ་རིའི་ཡེལ་གཙུག་ལག་སློབ་གླིང( Yale )གི་མཁས་དབང་ཨེར་ཇི་ཐོན་གྱིས་
བརྩམས་པའི《 སཾསྐྲི་ཏའི་སྐད་དེབ་དང་ཚིག་མཛོད 》ཅེས་པ་དང་གོང་སྨྲས་མཁས་དབང་ཆེན་མོ C·R·རམ་མན་
གྱིས་བརྩམས་པའི《 སཾསྐྲི་ཏའི་བརྡ་སྤྲོད》དང《 ནང་ཆོས་ཡིག་བསྒྱུར》། 《 ཆོས་ཀྱི་ཚིགས་སུ་བཅད་པའི་འགྲེལ》《 མདོ་ཀུན་བཏུས》སོགས་སྐབས་དེའི་སྤྱི་ཚོགས་ནང་དགའ་བསུ་ཐོབ་པས་འཕྲིན་ལས་ཆེར་རྒྱས་པར་མངོན། 
      ཁྱད་པར་དུ་ཨ་རིའི་མཁས་དབང་ཁི་ར་ཁི( Henry Clarke Warren )འདི་བ་ནི་སྤྱི་ལོ༡༨༥༤ལ་གྲོང་ཁྱེར་ཆེན་པོ་པོ་སི་ཏོན་ནས་སྐྱེས། རྟ་ཐོག་ནས་འགྱེལ་བས་རྐང་ལག་ལ་སྐྱོན་ཤོར་ཡང་ཆུང་དུས་ནས་པ་ལ་ཐུབ་དང་ཁང་ཏིའི་མཚན་ཉིད་རིག་པར་སྦྱངས། ཕྱིས་ནང་ཆོས་ལ་ཐོས་བསམ་མཛད་དེ་བཀའ་སྡེ་སྣོད་ལ་མཁས་པའི་གོ་འཕང་བརྙེས། ནང་ཆོས་ཀྱི་བཀའ་དགོངས་འགྲེལ་དང་བཅས་པ་ཨ་རིའི་ནང་དར་ཁྱབ་གོང་འཕེལ་ལ་མཛད་པ་ཡང་།མི་ཚེ་གང་གི་རྒྱུ་ནོམ་པ་ཡོད་ཚད་གནས་བརྟན་སྡེ་ཆོས་ཚོགས་ལ་ཞལ་འདེབས་སུ་ཕུལ། སྤྱི་ལོ༡༨༩༩ལ་ཞི་བར་གཤེགས། ད་དུང་ཚད་མ་རིག་པ་ལ་མཆོག་ཏུ་མཁས་པའི་དཔྱོད་ལྡན་ཧྲི་དར་དང་རྒྱ་གར་གྱི་ནང་ཆོས་དང་ཕྱི་རོལ་རྗེན་གྱི་ཆོས་ཚུགས། རྒྱ་ནག་གི་ནང་ཆོས་བཅས་ལ་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བའི་མཁས་པ་རན་ཁ་སི་ཀྲི་སོགས་ཀྱང་ཡོད། རན་ཁ་སི་ཀྲི་འདི་བས་ད་ལྟ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཁམ་པོ་ཀྲི་གློག་ཀླད་ནང་འཇུག་པར་བརྩོན་པ་བསྐྱེད་བཞིན་གདའ། མཉམ་འབྲེལ་རྒྱལ་ཚོགས་ཁོངས་འཛམ་གླིང་ནང་ཆོས་ཞིབ་འཇུག་ཚོགས་པའི་དྲུང་ཆེན་མོ A·K·ན་ར་མཆོག་གིས་ཀྱང་ནང་ཆོས་འཕེལ་རྒྱས་ལ་ལེགས་མཛད་ཆེ།གཞན་དུ་ན། ཨ་མེར་སིས་བརྩམས་པའི་དེབ《 ཏིང་ངེ་འཛིན་གྱི་དགོངས་དོན་དང་ཨ་རིའི་བསམ་བློ》། (༡༩༧༢ལོར་པར་དུ་བསྐྲུན)ཀྲོ་མུ་རན་གྱིས་བརྩམས་པའི《 དེང་དུས་ཀྱི་འཛམ་གླིང་ནང་ཆོས》(༡༩༦༠ལོར་པར་དུ་བསྐྲུན)ཁཱ་རོ་ཕུས་བརྩམས་པའི《 ཏིང་ངེ་འཛིན་གྱི་ཡན་ལག་གསུམ》ཧྥི་ལོ་མིས་བརྩམས་པའི《 སེམས་ཀྱི་དབྱེ་འབྱེད་དང་ནང་ཆོས་ཀྱི་བསམ་གཏན》ཟེར་བ་དང《 དགའ་བའི་སྒྱུ་རྩལ》གུ་རི་རོ་མུས་བརྩམས་པའི《 ཡེ་ཤུའི་ཆོས་ལུགས་ཁྲོད་ཀྱི་ཏིང་ངེ་འཛིན་གྱི་ལྟ་བ》ལ་སོགས་པ་དང་། འཇར་པན་གྱི་ནང་ཆོས་མཁས་པའི་དབང་བོ་ཧྲིབ་ཙོ་ཁེན( Suzuki )དབྱིན་ཡིག་གི་བརྩམས་བསྒྱུར་བྱས་པའི་བསྟན་བཅོས་སོགས་ཀྱང་ཨ་རིའི་རྒྱལ་ཁམས་སུ་དོན་གཉེར་དང་ལྡན་པ་རྣམས་ལ་མུན་སེལ་གྱི་སྒྲོན་མེ་དང་ལམ་སྟོན་གྱི་དེད་དཔོན་ལྟ་བུར་གྱུར་ཡོད། 
      འཇར་པན་གྱི་ནང་ཆོས་ཀྱང་ཨ་རིར་དར་སྔ། ཕལ་ཆེར་སྤྱི༡༨༩༩ལ་འཇར་པན་གྱི་ནང་ཆོས་མཁས་པ་ཆེན་པོ Yuantian Zonghui ཟེར་བ་ཨ་རིའི་ཕེབས་པ་ནས་དར་མགོ་ཚུགས། འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྔ་
རྗེས་སུ་འཇར་པན་ནང་ཆོས་ཀྱི་གྲུབ་མཐའ་ཁག་ལྔ་ཙམ་དགོན་སྒྲུབ་སྡེ་དང་ཆོས་ཚོགས་ཨ་རིའི་ཡུལ་གྲུ་མང་བོར་དར་ཁྱབ་བྱུང་། འདིའི་ལྟ་དགོངས་གཙོ་བོ་ཏིང་ངེ་འཛིན་དང་སྒོམ་གྱི་ཆོས་སྐོར་ཡིན། ནང་སྒོས་སུ་འཇར་པན་གྱི་དེང་རབས་ནང་ཆོས་ཀྱི་དྲན་དབང་ཆེན་མོ་ཧྲིབ་ཙོ་ཁེན( Suzuki)འདི་བ་སྤྱི་ལོ༡༩༤༨ལ་ཨ་རིར་ཕེབས་སྟེ་ནང་ཆོས་ཐད་ཀྱི་ཚོགས་འདུ་དང་བགྲོ་གླེང་ཐེངས་མང་མཛད་པས་རྣམ་དཔྱོད་ཀྱི་ཁོ་ལག་རྫོགས་པའི་མཁས་པ་དང་གསར་སློབ་པ་མང་བོ་ནང་བའི་སྐྱབས་འོག་ཏུ་བཅུག མ་འགྱངས་པར་སྐད་གྲགས་ཅན་ཚོགས་པ " ཨ་རིའི་ནང་ཆོས་ལྷན་ཚོགས " ( B·C·A)ཟེར་བ་བཙུགས་སྟེ་ཨ་རིར་དར་ཁྱབ་ཡོད་པའི་འཇར་པན་གྱི་ནང་ཆོས་ལྟ་གྲུབ་ཡོད་ཚད་དབུ་འཛིན་ལྟ་བུའམ་སྟོབས་ཤུགས་སུ་གྱུར། ད་ལྟ་ཨ་རིའི་ནང་འཇར་པན་ནང་ཆོས་ལ་ཕྱོགས་པའི་དད་ལྷན་ཧ་ལམ་ཁྲི་སུམ་ཅུར་ཉེ་བར་བཤད། ཁོང་ཚོས་ལྟ་དགོངས་ཁྱབ་སྒྲོག་བྱེད་སའི་དུས་དེབ་གལ་ཆེན་གཉིས་ནི་དབྱིན་ཡིག་གི《 སངས་རྒྱས་ཀྱི་དུས་རབས》ཟེར་བ་དང《 འཛམ་གླིང་གླེང་སྟེགས》ཟེར་བ་སྐད་གྲགས་ཆེ། ཨོར་ཁི་སི་ཧྥོར་རྡི(HarVard)སློབ་གྲྭ་ཆེན་མོའི་འཛམ་གླིང་ཞིབ་འཇུག་ལྟེ་གནས་ཀྱིས་ཀྱང་རྒྱ་ནག་གི་ནང་ཆོས་ལ་ཞིབ་འཇུག་ལྟ་གནད་ཀྱིས་ཀྱང་རྒྱ་ནག་གི་ནང་ཆོས་ལ་ཞིབ་འཇུག་བྱས་པའི་རྩོམ་དེབ་གཙོ་གྲས་སྐོར་ལ། 《 སྤྱི་ལོ༡༩༠༠ནས་སྤྱི་ལོ༡༩༥༠བར་གྱི་རྒྱ་ནག་ནང་ཆོས་ཀྱི་གནས་སྟངས་སྐོར》(༡༠༦༧ལོ་པར་བསྐྲུན་བྱས)ཞེས་པ་དང་《 བསྐྱར་དུ་དར་བཞིན་པའི་རྒྱ་ནག་གི་ནང་ཆོས》ཞེས་པ་དང《 མོ་ཙེ་ཏུང་གི་དབང་བསྒྱུར་ག་འོག་གི་ནང་ཆོས་གནས་སྟངས》 (༡༩༧༢ལོར་པར་བསྐྲུན་བྱས)གཞན་ད་དུང《 རྒྱ་ནག་གི་ནང་ཆོསགསར་འགྲེལ》དང《 རིག་གནས་གསར་བརྗེ་ཆེན་པོའི་རྗེས་ཀྱི་རྒྱ་ནག་གི་ནང་ཆོས》སོགས་ལྗགས་རྩོམ་རིན་ཐང་ཅན་མང་དུ་གདའ། ཨ་རི་བ་ཁར་སྤོ་ཁ་ན་དང་རིལ་ཐི་རྣམ་གཉིས་ནང་ཆོས་ཐེག་ཆེན་གྱི་ལྟ་དགོངས་ལ་ཞིབ་འཇུག་གི་འབྲས་བུ་དགེ་བར་མ་ཟད་དབུ་མའི་ལྟ་བ་དང་རྒྱ་ནག་གི་ནང་ཆོས་ལ་ཡང་མཁས་པར་བཞེད། ཨ་རིར་རྒྱུན་བཞུགས་འཇར་པན་པ་པེ་ཁྲོན་དང་རྒྱ་ནག་པ་ཁྲིན་ཀོན་ཧྲིན( Kennethchen )པ་ཀྲིག་སོགས་ཀྱང་ནང་ཆོས་ལ་མཁས་པའི་ཡར་རྩེར་སོན། ཁྱད་པར་དུ་ཁྲིན་ཀོན་ཧྲིན་གྱི་ལྗགས་རྩོམ་ལ《 ནང་ཆོས་ཀྱི་འགྱུར་བཅོས་འོག་གི་རྒྱ་ནག》( The Chinese Transformation Of Buddhism )ཟེར་བ་གྲགས་ཆེ། པན་ཀྲིག་ཀྱང་ཆུང་དུས་སིང་ག་ལར་ཕེབས་ནས་གནས་བརྟན་སྡེ་བའི་གཞུང་ལ་ཐོས་བསམ་རྣལ་མ་བྱས་ཤིང་། ལྗགས་རྩོམ་གཙོ་བོ་ལ《 རྒྱལ་བོ་མ་བུ་དེས་དྲིས་པའི་མདོ》སོགས་གནས་བརྟན་པའི་སྡེ་སྣོད་མང་དུ་བསྒྱུར་ནས་པར་བསྐྲུན་བྱས། ད་དུང་ཨ་རིར་བཞུགས་པ་རྒྱ་ནག་གི་ནང་ཆོས་མཁས་པ་དང་དེ་དག་གི་ཆོས་ཚོགས་མང་དུ་ཡོད་པའི་གཙོ་ཆེ་ཤས་དགེ་བསྙེན་མཁས་པ་ཧྲིན་ཅ་ཀྲིན་གྱིས་སྤྱི་
ལོ༡༩༧༠ལ་བཙུགས་པའི་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་དང་བྱང་ཆུབ་དགའ་ཚལ། 
      འཛམ་གླིང་ནང་ཆོས་ཡིག་བསྒྱུར་ཚོགས་པ་བཅས་ཀྱང་རྒྱ་ནག་ནང་ཆོས་ཁྱབ་ཁོངས་ནས་སྐད་གྲགས་ཆེ། སྤྱི་ལོ༡༩༧༥ལ་བཙུན་པ་ཧྲིན་ཡན་ཧྥ་ཧྲིས( Sheng Yan )ཨ་རིའི་ཉུག་འོག་གྲོང་ཁྱེར་ནང་རྒྱ་ནག་ནང་ཆོས་དཔེ་
མཛོད་ཁང་ཟེར་བ་དང་བསམ་གཏན་པའི་བསྟི་གནས་ཟེར་བ་བཙུགས། ཞོར་དུ《 སྒོམ་པ་བའི་གསར་འགྱུར》ཞེས་
པ་དང《 བསམ་གཏན་པའི་དུས་དེབ》ཟེར་བ་གཉེར། ཅིན་ཧེ་ཧྥ་ཧྲི་དང་ཡོན་ཞིན་ཧྥ་ཧྲི་གཉིས་ཀྱིས་ཀྱང་གྲོང་ཁྱེར་
ཤིག་སེ་ཐོན་དུ " ཏི་ཀྲིག་ནང་ཆོས་ཚོགས་པ " ཟེར་བ་བཙུགས། ཐེ་དབན་ཞིན་ཡོན་ཧྥ་ཧྲི་ནས་ཨ་རིའི་ཡུལ་གྲུ་ཁག་ལ་ཧྥོ་ཀོང་ཧྲན( Fu guang shan )གྱི་ཆོས་ཚོགས་གྲགས་ཅན་དང་དགོན་པ་ཁ་ཤས་བཏབ་ཡོད། ཞོན་དཔའ་ཧྥ་ཧྲི( Xuan hua )ནས་ཀྱང་ཆོས་ཚོགས་དང་དགོན་པ་བཏབ། 
      དུས་རབས་བཅུ་དགུ་བའི་སྨད་ཙམ་མམ་དུས་རབས་ཉི་ཤུ་བའི་སྟོད་ཙམ་དུ་ཨ་རིའི་ཉུལ་ཞིབ་ཉེན་རྟོགས་པ་རོལ་ཁི་བེར་བོར་ཁ་བ་ཅན་དུ་ཐེངས་གཉིས་བསྐྱོད་རྗེས། ཕྱིར་ལོག་ནས་རང་གི་མཐོང་ཐོས་མྱོང་གསུམ་ཟིན་བྲིས་བཏབ་པ《 བླ་མའི་རྒྱལ་ཁམས》ཟེར་བ་དང《བོད་ཀྱི་ཡུལ》ཟེར་བའི་རྩོམ་དེབ་གཉིས་སྤྱི་ལོ༡༨༩༡ལ་ཨ་རིར་པར་བསྐྲུན་བྱས། འདི་ནི་བོད་ཀྱི་གནས་སྟངས་དེ་ཡིག་ཐོག་ནས་ཨ་རིར་ཁྱབ་བསྒྲགས་བྱས་པའི་ཐོག་མའང་ཡིན།དེའི་རྗེས་སུ《 ཏཱ་ལའི་བླ་མ་དང་ཆིང་རྒྱལ་རབས་བར་གྱི་འབྲེལ་ལམ》ཟེར་བ་དང《 སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར》གཉིས་པར་དུ་བསྐྲུན། དེའི་འཕྲོར་ཉི་ཏུ་མུ་ཟེར་བའི་དཔྱོད་ལྡན་གྱིས《 ཡེལ་གཙུག་ལག་སློབ་གླིང་གི་དཔེ་མཛོད་དུ་གཉེར་བའི་བོད་ཀྱི་ཡིག་ཚགས་སྐོར》ཟེར་བ་དང《 བོད་ཀྱི་རིག་གཞུང་དང་གནའ་རྫས》ཟེར་བའི་རྩོམ་དེབ་གཉིས་སྤྱི་ལོ༡༩༦༠ལ་པར་བསྐྲུན་བྱས། ཁྱད་པར་དུ་ཨ་རི་བ་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་མཁས་པའི་ཡང་རྩེར་སོན་པ་ཞིག་ནི་དཔྱོད་ལྡན་ཝེར་མན་དུ་མཚན་གྱི་གྲགས་པ་འབར་བ་འདིའོ། ། དམ་པ་འདིའི་ལྗགས་རྩོམ་གྲགས་ཅན་སྐོར་ལ། 《 ནང་ཆོས་རྒྱུད་སྡེ་ནས་བསྟན་པའི་བུད་མེད་ཀྱི་གནས་སྟངས་དང་མཚོན་བྱེད་གླེང་བ》《 ནང་ཆོས་ཁྲོད་ཀྱི་སཾ་སྐྲི་ཏའི་སྐད་ཀྱི་ཁྱབ་ཁོངས》《 ནང་ཆོས་ཀྱི་སྲོལ་འབྱེད་དང་རྒྱུད་སྡེའི་སྐོར་གྱི་རྣམ་བཞག》(༡༩༧༣ལོར་པར་བསྐྲུན་བྱས)《 མཁས་གྲུབ་རྗེ་དང་གསང་སྔགས་རྒྱུད་སྡེའི་སྐོར་གྱི་རྣམ་བཤད》《 ནང་ཆོས་གསང་སྔགས་རྒྱུད་སྡེའི་སྐོར་གྱི་སྔ་རབས་པའི་ལོ་རྒྱུས་ཡིག་ཆ》《 ནང་ཆོས་དབུ་མ་བའི་ལེགས་མཛད》(༡༩༦༩ལོར་པར་བསྐྲུན་བྱས)《 ནང་ཆོས་རྒྱུད་སྡེ་ཐད་རྒྱ་གར་དང་བོད་ཀྱི་འབྲེལ་སྟངས》 ( ༡༩༧༣ལོར་པར་བསྐྲུན་བྱས)《 བསམ་ཡས་དགོན་པ་དང་གྲུབ་མཐའི་རྩོད་གླེང་གི་སྐོར》《 གསར་སྔགས་རྡོ་རྗེ་ཐེག་པ》ལ་སོགས་པ་གྲགས་ཅན་གྱི་རྩོམ་དེབ་མང་དུ་མཛད་པས་ཨ་རིའི་སྤྱི་ཚོགས་ནང་ཤུགས་རྐྱེན་ངེས་ཅན་ཐེབས། ནང་ཆོས་ཀྱི་ལྟ་དགོངས་དང་གཞུང་ཟབ་མོ་དག་ལ་ཐོས་བསམ་ཞིབ་འཇུག་བྱས་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཐོབ་པའི་རྟགས་མཚན་ཞིག་གོ ། ད་དུང་། དཔྱོད་ལྡན་ལར་ཀ་ནས་བརྩམས་པའི་དེབ་ལ། 《 བོད་དང་འབྲེལ་བའི་ནང་ཆོས་ཞིབ་འཇུག་གི་མཛད་རྗེས་གསར་བ》ཞེས་པ་དང《 ཇོ་ནང་བ ___ནང་ཆོས་རང་གཤིས་སྨྲ་མཁན་གྱི་གྲུབ་མཐའ་ཞིག》(༡༩༧༣ལོར་པར་བསྐྲུན་བྱས)《 འབྲེལ་ཡོད་རྒྱ་གར་དང་བོད་ཀྱི་ནང་ཆོས་དང་ཆོས་ལུགས་ཀྱི་རྩ་བའི་རང་བཞིན་སྐོར་གྱི་སྙན་ཞུ》(༡༩༦༤ལོར་པར་བསྐྲུན་བྱས)《 བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ཐར》(༡༩༦༦ལོར་པར་བསྐྲུན་བྱས)《 བོད་དང་སོག་པོའི་བར་གྱི་འབྲེལ་ཡོད་ཞིབ་འཇུག་གསར་བ》(༡༩༧༥ལོར་པར་བསྐྲུན་བྱས)གཞན་ཡང་མཁས་དབང་ཨེལ་ཁོར་གྱིས་བརྩམས་པའི་དེབ་ལ། 《 བོད་ཀྱི་ཆོས་ལུགས་དང་དམངས་སྲོལ》ཞེས་པ་དང་《 བོད་ཀྱི་ནང་ཆོས་ཀྱི་ཉམས་ལེན་དང་ཆོ་གའི་སྐོར》སོགས་ནང་སེམས་ལ་བདེ་སྐྱིད་ཀྱི་འོད་སྣང་སྦྱིན་ནུས་པ་དང་སྤྱི་ཚོགས་ལ་བདེ་སྐྱིད་
ཀྱི་གྲུབ་ཆར་འཇོ་ཐུབ་པའི་གསུང་གི་མཛད་པ་འདི་དག་གིས་ཀྱང་ང་ཚོར་ར་སྤྲོད་ཐུབ་པ་ནི་རླབས་ཆེ་བའི་བདེ་སྐྱིད་ཀྱི་འབྱུང་ཁུངས་གཅིག་བུ། འགྲོ་བ་མིའི་རླབས་ཆེ་བའི་བསམ་བློའི་རྒྱགས་ཕྱེ་དམ་པ་རྣམ་འདྲེན་བུ་རམ་ཤིང་བའི་རིང་ལུགས་དྲི་མ་མེད་པ་གང་འདི་ནུབ་ཕྱོགས་དྲན་དབང་མང་བོའི་མིག་གི་བདུད་རྩི་རྣ་བའི་བཅུད་ལེན་དུ་འགྲོ་བཞིན་པ་དཔག་ནུས་ཤིང་གཞི་རིམ་སྤྱི་ཚོགས་ལའང་ཚོགས་གཉིས་ཀྱི་ཞིང་ས་དམ་པའི་རྒྱུར་འགྲོ་དང་འགྲོ་བཞིན་པ་འདི་ལགས། ཁྱད་པར་དུ་སྤྱི་ལོ༡༩༥༥ལ། དབུས་གཙང་གི་གྲྭ་ས་འགྲིམས་སྟེ་དགེ་བཤེས་ཀྱི་མཚན་རྟགས་བཞེས་པའི་སོག་པོའི་གྲྭ་བ་དབང་ཕྱུག་སྐལ་བཟང་ཟེར་བ་ཨ་རིར་ཕེབས་ནས་རི་བོ་དགེ་ལུགས་པའི་སྒྲུབ་སྡེ་བཏབ། དོན་གཉེར་ཅན་མང་བོ་ལ་སོག་ཡིག་དང་བོད་ཡིག་གི་དཔེ་ཁྲིད་བསྐྱངས། ལོ་རབས་བདུན་ཅུའི་ནང་དགེ་བཤེས་འདི་བས་ཨ་རི་ནས་ནང་ཆོས་ཞིབ་འཇུག་ཁང་ཟེར་བའི་ཚོགས་པ་བཙུགས། སྤྱི་ལོ༡༩༧༣ལ་བཀའ་གདམས་དང་དགེ་ལུགས་ཀྱི་ལྟ་དགོངས་མཚོན་པའི་གླེགས་བམ་མང་བོ་དབྱིན་ཡིག་ལ་བསྒྱུར་ཏེ་པར་བསྐྲུན་བྱས། དམ་པ་འདི་བ་ཨ་རིར་ཕེབས་མཁན་དགེ་ལུགས་པའི་དགེ་བཤེས་ཐོག་མའང་ཡིན། གཞན་དུ་དཔལ་ལྡན་ས་སྐྱ་དང་སྔ་འགྱུར་རྙིང་མ། མཉམ་མེད་བཀའ་བརྒྱུད་བཅས་ཀྱིས་སོ་སོ་ནས་བཙུགས་པའི་ཆོས་ཚོགས་དང་སྒྲུབ་སྡེ་ཆེ་ཕྲ་མང་བོ་ཨ་རིའི་ཡུལ་གྲུབ་གང་སར་ཁྱབ་ཡོད། ལོ་རབས་དྲུག་ཅུའི་མཇུག་ཙམ་ལ་ཨ་རིའི་ཀ་ལི་ཧྥུ་ཉིའི་མངའ་སྡེའི་སློབ་གྲྭ་ཆེན་མོའི་ནང " བོད་ཀྱི་རྙིང་མའི་སྒོམ་སྒྲུབ་ལྟེ་གནས( TibetannyingmaeditationCenter )ཟེར་བའི་ཆོས་ཚོགས་བཙུགས།ཆོས་ཚོགས་
འདི་བས་མུ་མཐུད་དུ་ཨ་རིའི་ཡུལ་གྲུ་མང་བོར "" རྙིང་མའི་ལྟེ་གནས " དང " རྙིང་མའི་ནང་ཆོས་སློབ་གཉེར་ཁང་། " དྡྷམ་དཔེ་སྐྲུན་ཁང་། བོད་རྒུད་སྐྱོབ་མཐུན་ཚོགས་སོགས་བསྟན་པ་དང་སེམས་ཅན་ལ་སྨན་པའི་ཆོས་ཚོགས་མང་དུ་བཙུགས་ཡོད། ལོ་རབས་བརྒྱད་ཅུའི་ནང་མཉམ་མེད་བཀའ་བརྒྱུད་པའི་གདམས་པའི་མཛོད་འཛིན་སྐྱབས་རྗེ་དྲུང་བ་རིན་པོ་ཆེ་ནས་ཨ་རིར་ཞབས་སོར་བསྒྱུར་ནས་ཆོས་ཚོགས་སྒྲུབ་སྡེ་ཁག་མང་དུ་བཙུགས་པས་གདུལ་བྱ་ཆེ། དམ་པ་ཁོང་ནི་ལོ་རབས་དྲུག་ཅུའི་ནང་སྐད་གྲགས་ཡོད་པའི་དབྱིན་ཇིའི་ཨོར་ཁི་སི་ཧྥོར་རྡི( Oxfordrh སཾྉྤ )གཙུག་ལག་སློབ་གླིང་ནས་མཐར་ཕྱིན། ཁོང་གི་ཆོས་ཚོགས་གྲགས་ཅན་ནི " རྡོ་རྗེའི་ཁམས་ཀྱི་ཆོས་ཚོགས " ཟེར་བ་འདི་ལགས་ཤིང་། འདི་ནི་ཨ་རིའི་ནང་སྐད་གྲགས་ཡོད་པའི་བོད་ཀྱི་ཚོགས་པ་ཞིག་ཀྱང་ཡིན། ཕྱག་ཆེན་གྱི་ལྟ་དགོངས་སྤེལ་མཁན་གྱི་ཚོགས་པ་རྒི་རིན་མུ་སུ( Simon Grimes)ལྟ་བུར་མཚོན་ན་ཨ་རིའི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཡན་ལག་ཚོགས་པ་དང་སྒྲུབ་སྡེ་མང་དུ་ཡོད། རྙིང་མའི་སྤྲུལ་སྐུ་དར་ཐང་རིན་པོ་ཆེའི་ཆོས་ཚོགས་ཀྱང་ཨ་རིའི་ནང་སྐད་གྲགས་ཆེ། ཆོས་ཚོགས་ཀྱང་ཨ་རིའི་ཁང་སྐད་གྲགས་ཆེ། ཆོས་ཚོགས་འདིའི་ཁོངས་གཏོགས་སུ་ཤམ་བྷ་ལ་དཔེ་སྐྲུན་ཁང་དང་རྙིང་མའི་ནང་ཆོས་སློབ་གཉེར་ཁང་། ཡེ་ཤེས་སྡེའི་དཔེ་སྐྲུན་ཁང་། བཟོ་གྲྭ་སོགས་ཡོད། བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་ཐེག་ཆེན་གཅེས་སྐྱོང་ཚོགས་པས་ཀྱང་ཨ་རིའི་ནང་ལྟེ་གནས་དང་ཡན་ལག་ཚོགས་པ་མང་དུ་བཙུགས་ཡོད། འདིའི་སྐོར་ཞིབ་གསལ་ཤེས་འདོད་པ་དག་གིས་འབྲེལ་ཡོད་ཡིག་ཆ་གཞན་ལས་ཤེས་པར་འཚལ་ལ། འདིར་ནི་མཛུབ་མོ་རི་སྟོན་གྱི་ཚུལ་དུ་ཕྲན་བུ་བཀོད་པ་ལགས། 
      ཨ་རིའི་མཐོ་རིམ་སློབ་གྲྭ་ཆེན་མོ་དང་མཐོ་རིམ་སྤྱི་ཚོགས་ཞིབ་འཇུག་ཚོགས་པ་མང་ཆེ་ཤོས་ནང་ནང་ཆོས་དང་འབྲེལ་བའི་མཉམ་ཞིབ་སྡེ་བཙུགས་ཡོད། དཔེར་ན། ཧར་བེ་ཐི( Har Vard ངྔྷྲཀྵྱུཾ )གཙུག་ལག་སློབ་གླིང་ཁོངས་ཆོས་ལུགས་སྡེ་ཚན་དང་ཡེལ( Yale ཉྴུཡུཾ )གཙུག་ལག་སློབ་གླིང་གི་ཡེ་ཤི་ཡའི་སྡེ་ཚན། ཧོ་ནི་ལོབ་ལོབ( Honolulu ཁྙཀྚཻཏྩི )གཙུག་ལག་སློབ་གླིང་མཚན་ཉིད་རིག་པའི་སྡེ་ཚན། བེ་སི་ཁམ་ཤན་གཙུག་ལག་སློབ་གླིང་གི་ཨེ་ཤི་ཡའི་ལྷོ་བརྒྱུད་སྡེ་ཚན། གོ་ལོན་པེ་ཡ་གཙུག་ལག་སློབ་གླིང་ཨེ་ཤི་ཡའི་སྡེ་ཚན། བ་ཧྲིན་ཏོན་གཙུག་ལག་སློབ་གླིང་ཁོངས་ཨེ་ཤི་ཡའི་སྐད་ཡིག་སློབ་ཚོགས་སོགས་ཀྱི་ནང་དུ་ཆེད་གཉེར་གྱིས་རིས་སུ་མ་ཆད་པའི་ནང་ཆོས་ཀྱི་གཞུང་ཟབ་མོ་དག་ལ་ཐོས་བསམ་རྣལ་མ་དང་ཞིབ་འཇུག་ཡང་དག་བྱས་དང་བྱེད་མུས་སུ་མཆིས། ནང་ཆོས་ཞིབ་འཇུག་གི་ཐད་སྐད་གྲགས་ཅན་གྱི་རིག་གཞུང་དུས་དེབ་ཀྱང《 འཛམ་གླིང་ནམ་ཆོས་ཞིབ་་ཚོགས་དེབ》དང《 ཤར་ནུབ་རྒྱལ་ཁམས་ཀྱི་མཚན་ཉིད་རིག་པ》《 ཆོས་ལུགས》《 ཨ་རིའི་ཤར་ཕྱོགས་སློབ་ཚོགས་ཀྱི་ཚོགས་དེབ》《 ཨ་རིའི་འགྲོ་བ་མིའི་རིག་པ་བ》《 གསེར་གྱི་པདྨ》ལ་སོགས་པ་དོན་གཉེར་ཅན་མང་པོའི་འཆད་རྩོད་རྩོམ་གསུམ་གྱི་རེ་འདུན་འགྲུབ་པའི་རིག་པའི་དགའ་ཚལ་ཀྱང་དམངས་གཙོ་དང་རང་དབང་གི་རིག་པའི་དགའ་ཚལ་ཀྱང་དམངས་གཙོ་དང་རང་དབང་གི་རྒྱལ་ཁམས་འདིར་མང་དུ་ཡོད་པར་མངོན་ནོ། ། 
      རྩོམ་ཐུང་འདིའི་ས་བོན་གཙོ་བོ་ནི《 ནང་ཆོས་རིག་པའི་རྩོམ་བཏུས( BuddhisnDigost )
 
ཉིས་སྟོང་བཞི་ལོའི་དེབ་གཉིས་པ་ལགས་ཤིང་རྩོམ་ཁྲོད་ཀྱི་ཐད་སྙད་ཁ་ཤས་ལ་ཨ་ཏ་ལིའི་གྲོགས་པོ་འབལ་འཇོ( Giacomo Bagglo )དང་ཝོལ་གཟེ( Amtoime Roset )གཉིས་ཀྱིས་རམ་འདེགས་བྱས་པར་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། ། 
དགེའོ། །
 
མཆན།
 
      ༡ . སིང་ག་ལའི་དགེ་བསྙེན་མཁས་པ་ དྡྷརྨ་པ་ལ (AnagarikalDharmaPala )མཆོག་ནི་ སྤྱི་ལོ༡༨༧༣ལ་འཁྲུངས་ཤིང་སྤྱི་ལོ༡༩༣༥ལ་ཝ་རན་སའི་རང་སྤྱིལ་དྲི་བཟང་དགའ་ཚལ(MillagandhakutiVihara) དུ་ཞི་བར་གཤེགས། དམ་པ་འདི་བ་ནི་ཉེ་རབས་ཀྱི་སིང་ག་ལ་དང་རྒྱ་གར་གྱི་ནང་བའི་ལོ་རྒྱུས་ཐོག་སྙན་གྲགས་ཀྱི་བ་དན་སྲིད་རྩེར་གཡོ་བ་ཞིག་ཡིན། གཞོན་དུས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཁྲིམས་ལུགས་སྦྱངས། ཕྱིས་སུ་སངས་རྒྱས་ལ་མི་ཕྱེད་པའི་དད་པ་འཁྲུངས། སྤྱི་ལོ༡༨༩༡ལ་མ་གྷ་དྷ་རྡོ་རྗེ་གདན་ནས་སྐད་གྲགས་ཅན་གྱི་མ་ཧཱ་བྷོ་དྷི་བྱང་ཆུབ་ཆེན་པོའི་ཆོས་ཚོགས (Maha Vodhi Society ) བཙུགས། སང་ག་ལ་དང་རྒྱ་གར་དབྱིན་ཇི་སོགས་ཡུལ་གྲུ་མང་བོར་རྒྱལ་བསྟན་འཕེལ་རྒྱས་ལ་དམིགས་པའི་ཆོས་དང་ཞིབ་འཇུག་སྡེ་ཚན། ནང་ཆོས་སློབ་གཉེར་ཁང་སོགས་མང་དུ་བཙུགས། ཉམས་རྒུད་དུ་སོང་བའི་ནང་བའི་གནས་བྱིན་ཅན་མང་བོ་ཕྱི་རོལ་བའི་ལག་ནས་ཚུར་བླངས་སྟེ་ཞིག་གསོ་བྱས། ནུབ་ཕྱོགས་རྒྱལ་ཁབ་མང་བོར་ཕེབས་ནས་ནང་ཆོས་ཀྱི་ལྟ་དགོངས་ཁྱབ་བསྒྲགས་བྱས། 《 བྱང་ཆུབ་ཆེན་པོ》ཟེར་བའི་དབྱིན་ཡིག་གི་དུས་དེབ་སྤེལ།
      སྤྱི་ལོ༡༨༩༣ལ་ཨ་རིའི་འཛམ་གླིང་ཆོས་ལུགས་ཚོགས་འདུའི་སྟེང་དམ་པ་འདིས་སྒྲོགས་སྦྱངས་མཛད་པའི་ལྗགས་རྩོམ་གཉིས་ནི《 སྐྱེ་དགུ་རོལ་བཞིན་པའི་སངས་རྒྱས་ཀྱི་བདེ་སྐྱིད》ཅེས་པ་དང《 ནང་ཆོས་ཀྱི་ལྟ་དགོངས་དང་ཡེ་ཤུའི་ཆོས་ལུགས》ཟེར་བ་འདི་ཡིན། དམ་པ་འདི་བ་སྐུ་ཚེ་སྨད་དུ་རབ་ཏུ་བྱུང་སྟེ་དགེ་སློང་གི་བརྟུལ་ཞུགས་ལ་གནས་པ་ཞིག་གོ །
      ༢ . མཁས་དབང་ཧྲོབ་ཙོ་ཁེན། (Suzu ki ཝཻལླེསྨམྭཱུ ) མཆོག་ནི། ཉེ་རབས་འཇར་པན་ལོ་རྒྱུས་ཐོག་
སྐད་གྲགས་འཛིན་མའི་རྒྱན་ཏུ་ཆེ་བའི་ནང་ཆོས་ཀྱི་མཁས་པའི་དབང་བོ་ཞིག་ཡིན། དམ་པ་འདི་བ་སྤྱི་ལོ༡༨༧༠ལ་འཇར་པན་དུ་གསོ་རིག་ལ་མཁས་པའི་ཁྱིམ་རྒྱུད་ཅིག་ཏུ་སྐུ་འཁྲུངས།
      དགུང་ལོ་གོ་དྲུག་སོན་པ་སྤྱི་ལོ༡༩༦༦ལ་འཇར་པན་གྱི་རྒྱལ་ས་ཀྲོག་ཁྱོག་ནས་སྐུ་གཤེགས།ནུབ་ཕྱོགས་རྒྱལ་ཁམས་ཀྱི་ནང་རིག་པའི་ཁྱབ་ཁོངས་ནས་མཁས་དབང་འདི་བ་སྙན་གྲགས་ཆེ། དམ་པ་འདིས་འཇིག་རྟེན་མི་ཡུལ་ལ་ཕུལ་བའི་མཛད་པ་གསུང་གི་ལེགས་སྐྱེས་སུ་གསུང་འབུམ་རིན་ཐང་ཅན་པོད་སུམ་ཅུ་ལྷག་བཞུགས། འདིའི་སྐོར་ཞིབ་པར་མཁྱེན་འདོད་པ་དག་གིས་ཉིས་སྟོང་ལོར་བཏོན་པའི་དེབ《 Chan Studies 》ལ་གཟིགས་པར་འཚལ།