ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

གློག་བརྙན《གཡང་མདའ》ཕབ་སྐྲུན་མཇུག་རྫོགས་ལ་ཉེ་བ།

སྤེལ་དུས། 2013-11-12 22:02:46  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

image.jpg

 གཅན་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མ་དངུལ་བཏང་སྟེ་ཕབ་སྐྲུན་བྱེད་ཀྱིན་པའི་བོད་སྐད་གློག་བརྙན<<གཡང་མདའ>>ཞེས་པ་གཅན་ཚའི་སྣང་ར་དང་བྲག་ཁང་སྣ་ཁ། རྫོང་རྒན་བཀུར་གླིང་སོགས་གཅན་ཚ་ས་ཆའི་གནས་འགེངས་ཆེན་དག་ཏུ་ཟླ་ངོ་གཅིག་ཡས་མས་ལ་ཕབ་སྐྲུན་བྱས་ཏེ་མིག་སྔའི་བར་དུ་ཡུལ་དངོས་ཕབ་སྐྲུན་གྱི་ལས་ཀ་མཇུག་རྫོགས་ལ་ཉེ་ཡོད་པ་རེད། 

    དགུན་གྱི་གནམ་གཤིས་ངན་པས་གློག་བརྙན་ཕབ་སྐྲུན་གྱི་ལས་ཀར་ཡང་དང་བསྐྱར་དུ་དཀའ་ངལ་བཟོས་ནའང་གཅན་ཚ་རྫོང་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་དང་ས་གནས་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་རོགས་རམ་བརྒྱུད་གློག་བརྙན་ཕབ་སྐྲུན་གྱི་ལས་ཀ་འཆར་གཞི་ལྟར་སྒྲུབ་ཐུབ་པ་བྱུང་ཞིང་། ཕབ་སྐྲུན་གྱི་གོ་རིམ་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་གལ་གནད་དུ་བཞག་སྟེ་སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེའི་ཡུལ་དངོས་ཀྱི་གད་སྙིགས་དག་ལ་གཙང་བཤེར་བྱས་པར་ས་གནས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་དང་། རྒན་བཀུར་གླིང་གི་བགྲེས་སོང་བརྒྱ་ལྷག་ལ་དམངས་སྒོར་བརྒྱ་ཐམ་པ་རེའི་རོགས་དངུལ་སྤྲད་པར་སྤྱི་ཚོགས་སྟེང་ཚུར་སྣང་ཆེན་པོ་བྱུང་ ཡོད་པ་རེད། 

    འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་བོད་རིགས་བློ་མཐུན་ཞིག་ཡིན་པའི་ཆ་ནས་གློག་བརྙན་ཕབ་སྐྲུན་བྱེད་སའི་ས་ཆ་གང་ལ་སོང་ནའང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ཡོད་པ་དེས་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་བཟོ་བོ་ཀུན་ལ་མིག་དཔེ་སྐྲུན་ནས་ཡོད་པ་དང་། ཁོང་གི་མི་རིགས་རང་མཚན་པའི་ཡ་རབས་གུས་སྤྱོད་དེ་ཁོའི་གློག་བརྙན་དང་ལྷན་དུ་ད་ཐེངས་གཅན་ཚར་ཐོན་པ་འདིས། ངོས་གཞན་ཞིག་ནས་བཤད་ན་གཅན་ཚའི་དཔལ་གྱིས་སྒེག་པའི་མི་ཆོས་རིག་གནས་དང་དྭངས་གཙང་གི་ས་གཤིས་དག་ལ་བླ་ལྷག་གི་ཁས་ལེན་ཐོབ་ནས་ཡོད་པ་རེད། །