ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་སྒེར་དེབ༼ཁྲག་དྲི༽དང་འབྲེལ་བའི་བགྲོ་གླེང་བསྡུས་པ།

སྤེལ་དུས། 2013-11-12 22:11:37  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

   image.jpg  

ཁམས་ཡུལ་ཤུལ་གྱི་ན་གཞོན་སྨྱུག་མིང་འཛིན་པ་ཤགས་ཤུལ་བློ་བཟང་ནོར་བུ་ཡིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཁོ་རང་གི་སྒེར་དེབ་དང་པོ༼ཁྲག་དྲི༽དང་འབྲེལ་བའི་ཁ་བརྡའི་བགྲོ་གླེང་ཞིག་འཚོགས་ཤིང་ཚོགས་ཐོག་སྟེང་ཀློག་པ་པོ་བརྒྱ་ལྷག་འདུས་ཏེ། དུས་ཚོད་གཉིས་རིང་ལ་བགྲོ་གླེང་བྱས། ཐོག་མ་མདོ་འཛིན་པ་ལྷ་མོ་སྐྱབས་ནས་མགོ་བརྩམས་ཏེ་ཐེངས་འདིར་གདན་འདྲེན་ཞུས་པའི་ཚོགས་པ་བཅུ་ཡས་མས་ཀྱི་ཚོགས་གཙོ་དང་ཚབ་བྱེད་ཚོགས་མི་མཚམས་སྦྱོར་བྱས་ཤིང་དེ་ནས་དེབ་རྩོམ་པ་པོས་གཏམ་བཤད་སྤེལ། བར་དུ་སྐབས་སུ་བབ་པའི་གླེང་གཞིར་ཞུགས་ཏེ་ཁྲག་དྲིའི་སྐོར་ནས་བསམ་ཚུལ་བརྗེ་རེས་ཀྱི་ཚ་རླབས་འཕྱུར། མཐར་བོད་གླུ་སྙན་མོ་ཞིག་གི་འགྱུར་ཁུགས་དང་འགྲོགས་ཏེ་ལྷན་འཛོམས་དྲན་རྟེན་གྱི་འདྲ་དཔར་ཞིག་གི་ལམ་ནས་བདེ་ལེགས་ངང་མཇུག་བསྡུས་སོང་།