ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་སྐུ་གྲོངས་སོང་།

སྤེལ་དུས། 2014-03-30 21:46:47  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

 

 
   ཕྱི་ལོ༢༠༡༤ལོའི་ཟླ༣པའི་ཚེས༣༠ཉིན་གྱི་ཞོགས་པའི་དུས་ཚོད་༧དང་སྐར་མ༡༠སྟེང་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་རྒྱལ་ས་པེ་ཅེན་གྱི་པེ་ཅན་སྨན་ཁང་དུ་སྐུ་གྲོངས་འདུག   དགུང་ལོ་༩༢ཡིན།
 ཁོང་ནི་ཁམས་འབའ་ཐང་དུ་ཕྱི་ལོ་༡༩༢༢ལོར་སྐྱེས་ཤིང་།   ས་གནས་དེ་ནས་ནས་བྱིས་པ་སྤྱིར་བཏང་བ་ཞིག་གི་འཚོ་བ་རོལ།   ལོ་བཅུ་བཞིའི་ཐོག་རྒྱ་ནག་དུ་ཅང་ཇེ་ཧྲིའི་སློབ་གྲྭའི་ཡན་ལག་ཞིག་ཏུ་སློབ་སྦྱོང་ལ་ཕེབས།    ༡༩༤༠ལོར་སློབ་གྲྭ་དེ་ལས་དཀའ་རྙོག་མང་པོ་བྱུང་རྐྱེན་ཕྱིར་ཕ་ཡུལ་དུ་ལོག་ནས་གསར་བརྗེའི་ལས་དོན་ལ་གཞོལ།   སྐབས་དེར་རྒྱ་གར་ནག་དང་ཨི་རུ་སི་སོགས་གསར་བརྗེ་ཚོགས་ཁག་སོ་སོར་འབྲེལ་ལམ་བཙུགས་ཤིང་།  མདོ་དབུས་ཁམས་གསུམ་དུ་བསྐྱོད་ནས་གསར་བརྗེའི་ལས་གཞི་སྟེ་བོད་རིགས་གུང་ཁྲན་ཚོགས་པ་བཙུགས།
 ༡༩༥༠ལོ་ནས་ཀྲུས་ཏེས་ཏར་འཕྲིན་བསྐུར་ཏེ་ཏེང་ཞའོ་ཕེང་དང་འབྲེལ་དགོས་ལུགས་སོགས་ཀྱིས་ཀྲུང་གུང་ནང་ཞུགས་མགོ་ཚུགས།   དེ་རྗེས་དོན་ཚན་བཅུ་བདུན་སོགས་བོད་ཞི་བའི་བཅིངས་གྲོལ་གྱི་མགོ་མཇུག་ཀུན་ཏུ་ཁོང་ནས་དཔང་བོ་བྱས་པ་རེད།   དེ་རྗེས་ཡང་མི་རིགས་རིང་ལུགས་པའི་ཞྭ་མོ་གཡོག་སྟེ་ཡར་བསྐོ་མར་འཇོག་བྱས་བྱས་མཐར།   ༡༩༦༠ལོའི་ཟླ་༨ཟླ་མཇུག་ནས་མི་ལོ་བཅོ་བརྒྱད་ལ་ཁྲིམས་འཇུག་བྱས།   དེའི་ཁྲོད་ནས་མར་ཁེ་སུའི་རྩོད་སྒྲུབ་དངོས་གཙོའི་མཚན་ཉིད་ལ་སློབ་སྦྱོང་བྱས་ནས ༼ཟླ་བའི་གོ་ལའི་སྟེང་ན་གཤེར་གཟུགས་ཀྱི་ཆུ་ཡོད༽བརྩམས་པའི་འབྲས་བུ་གསོས།   ༡༩༧༨ལོར་བཙོན་གྲོལ་ཐོབ།   ༡༩༨༠ལོར་ཕུན་དབང་གི་གོ་གནས་གཞུང་འབྲེལ་ཐོག་ནས་བསྐྱར་གསོ་བྱུང་སྟེ་རྒྱལ་ཡོངས་དམངས་འཐུས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཞོན་པར་བསྐོས།  
 འབའ་བ་ཕུན་ཚོགས་དབང་རྒྱལ་ལ་མྱ་ངན་ཞུ།