ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > འཕྲིན་གསར།

ཧྭ་ཧྥོའི་སློབ་གཙོས་ཧྭ་ཧྥོའི་སློབ་གསོ་གླེང་བ།

སྤེལ་དུས། 2018-09-04 19:57:49  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

                      ཧྭ་ཧྥོའི་སློབ་གཙོས་ཧྭ་ཧྥོའི་སློབ་གསོ་གླེང་བ།               

          IMG_3887.JPG

   ནག་ཀྱཱ་བ་ཤ་བོ་ཚེ་རིང་གིས་བསྒྱུར།

ཧྭ་ཧྥོ་སློབ་ཆེན་གྱིས་སློབ་མར་སློབ་སྦྱོང་བྱེད་ཐབས་དང་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་སྟོན་གྱིན་ཡོད། ཅེས་ཧྭ་ཧྥོའི་སློབ་གཙོས་ཧྭ་ཧྥོ་སློབ་ཆེན་གྱི་སློབ་ཁྲིད་ཀྱི་འདུ་ཤེས་འདི་ལྟར་གླེང་ལ། ལོ་ངོ་བཅུ་ལྷག་ལ་ཧྭ་ཧྥོའི་སློབ་ཆེན་གྱི་སློབ་གཙོ་ཁུར་འོང་བའི་ཉམས་མྱོང་དང་སློབ་གསོའི་ལྟ་གྲུབ་ཀྱི་ལམ་ནས་འདི་ལྟར་དཔྱོད་ཤེས་ཀྱི་མཐའ་བསྡོམས་མཛད།ཁོས་བཤད་རྒྱུར། གནད་དོན་ཐག་གཅོད་ཀྱི་ཐབས་ཤེས་ནི་སློབ་སྦྱོང་ཁོ་ནའི་སྟེང་དུ་མེད་པར་སྤྱིར་བཏང་གི་འཚོ་བའི་ཁྲོད་དུ་སྤྲུམ་ཡོད། ཧྭ་ཧྥོ་སློབ་ཆེན་དུ་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ལྷག་གི་སློབ་མས་ཐུན་མོང་མཉམ་འབྲེལ་གྱིས་སློབ་གཉེར་བྱེད་བཞིན་ཡོད་ལ། ཁོ་རང་ཚོར་ཆོས་ལུགས་དང་རིག་གནས། འཚོ་བ། ཡུལ་གོམས། ཆབ་སྲིད་ཀྱི་ལྟ་བ་སྣ་ཚོགས་ཀྱི་ཁྲོད་དུ་འཚོ་གནས་བྱེད་བཞིན་ཡོད། འོན་ཀྱང་ང་ཚོས་ངེས་པར་དུ་ཁོ་ཚོར་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་སློབ་དགོས་ལ། ཁོ་རང་ཚོར་རོགས་རམ་བྱས་ནས་ཁ་འཐོར་མཉམ་འབྲེལ། ཕན་ཚུན་རྒྱུས་ལོན། འཆམ་མཐུན་འཚོ་གནས་ཀྱི་དཀྱུ་ས་ངེས་པར་དུ་ཁྲིད་དགོས།དོན་ཆེ་གེ་མོ་ཞིག་གི་ངོས་ནས་བརྗོད་ན། ཧྭ་ཧྥོ་ཡིས་སློབ་གསོར་ཚོད་ལྟ་ཞིག་བྱེད་ཀྱིན་ཡོད། མི་ཕན་ཚུན་གྱི་བར་དུ་རྒྱུས་ལོན།ཕན་ཚུན་སློབ་སྦྱོང་། མི་ཆོས་ཀྱི་ངོས་ནས་ཕ་རོལ་བར་རྒྱུས་ལོན་བྱེད་པར་སྟོབས་སྣོན་བྱས་པ་ཡིན། ལུའུ་ཏིན་ཐིན་གྱིས་དེ་ལྟར་བརྗོད། སྐབས་འདིར་ཁོས་དཔེར་བཀོད་དེ་བརྗོད་དོན། ཧྭ་ཧྥོ་སློབ་ཆེན་དུ་ཨ་ལ་པོའི་སྐད་རིགས་ཀྱི་རྒྱལ་ཁོངས་ནས་འོང་བའི་སློབ་མ་ཡོད་ལ། རྒྱ་གར་གྱི་ཆོས་ལ་དད་པ་བྱེད་པའི་སློབ་མ། ད་རུང་ཇེའུ་རིགས་ཀྱི་སློབ་མ། ན་ནིང་དཀྱིལ་ཤར་རྒྱལ་ཁབ་ཀྱི་གནད་དོན་ཛ་དྲག་ཏུ་འཕེལ་སྐབས། ཆབ་སྲིད་དང་ཆོས་ལུགས་དད་མོས་མི་གཅིག་པའི་རྔམ་སྟོན་ཁྲོམ་བསྐོར་གྱི་ཚོགས་པ་གཉིས་བྱུང་། ཁྲོམ་བསྐོར་བྱེད་མཁན་ཡོད་ཚད་ནི་ཞི་བདེའི་ཆེད་དུ་ཡིན།    ང་ཚོས་ཁྲོམ་བསྐོར་བྱེད་མཁན་དག་ལ་ས་གནས་ཁག་བགོས་ཀྱི་བསམ་བློ་བརྗེ་རེས་བྱེད་དུ་བཅུག་པར་མ་ཟད། ཁོ་རང་ཚོ་མཐུན་འབྲེལ་བྱེད་པར་ཤུགས་བསྣན། མི་གཞན་གྱིས་ཇི་ལྟར་གཞིགས་ཀྱང་རུང་། འདི་ནི་ཧྭ་ཧྥོ་སློབ་ཆེན་གྱིས་སློབ་མའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་ཤིག་ཡིན།ཤེས་རིག་སློབ་སྦྱོང་གི་ཐད་ནས། ལུའུ་ཏིན་ཐིན་གྱིས་བརྗོ   ད་དོན། སློབ་ཆེན་གྱིས་ངེས་པར་དུ་སློབ་མའི་ཤེས་རིག གཞུང་ལུགས་ཁ་ཤས་ཁོ་ཚོའི་ཞིབ་འཇུག་གི་རྩ་བར་བཟུང་སྟེ། སློབ་མར་སློབ་སྦྱོང་གི་ཐབས་ལམ་ག་འདྲར་བརྟེན་ནས་རང་ཉིད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཁྲིད་དགོས།ཁོས་བཤད་རྒྱུར། ཧྭ་ཧྥོ་སློབ་ཆེན་དུ། ཁ་སང་དགེ་རྒན་གྱིས་སློབ་མར་དཔེ་ཆ་ཞིག་བྱིན་རྗེས། དེ་རིང་ཁོ་ལ་དཔེ་ཀློག་ཐད་ཀྱི་བསམ་ཚུལ་ཅི་ཡོད་འདྲི་བ་ལས། སྟབས་བདེའི་ཡིག་རྒྱུགས་ལག་བསྟར་བྱེད་པ་ཞིག་ཁྱོན་ནས་མིན།ཁོས་ད་རུང་ཧྭ་ཧྥོའི་སློབ་མའི་རང་དབང་གི་ཚད་གཞི། རང་དབང་གི་སློབ་ཁྲིད་བདམ་གསེས་གླེང་ལ། ཚད་རིམ་མི་འདྲ་བའི་ཞིབ་འཇུག་ཁྲོད། བརྡ་འཕྲིན་འབོར་ཆེན་མཁོ་སྤྲོད་བྱས་ཏེ། སློབ་མ་རང་ཉིད་ཀྱིས་ཐག་གཅོད་ལ་སྣེ་སྟོན་དང་དམིགས་ཡུལ་བརྟན་པོས་སློབ་སྦྱོང་བྱེད་པར་རྒྱུན་འཁྱོངས་བྱས་པ་རེད། གསར་འགོད་པས་ཧྭ་ཧྥོའི་སློབ་མའི་སློབ་སྦྱོང་ཐད་ཀྱི་ཚད་མཐོའི་རང་དབང་དང་སློབ་མས་ཆེད་གཉེར་བདམ་གསེས་རང་དབང་གི་གནད་དོན་གླེང་དུས། སློབ་གཙོ་དགོད་བཞིན་དུ་བཤད་རྒྱུར། འདི་ལྟར་བལྟས་འོང་ན། ཁྱོད་ཀྱིས་ཨ་རིའི་སློབ་ཆེན་སློབ་མ་ལ་རྒྱུས་ལོན་བྱས་པ་ཁྱོན་ནས་མི་འདང་། ཨ་རིར་སློབ་ཆེན་སློབ་མ་རེ་རེ་མཐར་མ་ཕྱིན་པའི་སྔོན་དུ། གཏན་ཁེལ་བྱས་པའི་ཆེད་གཉེར་ལ་སློབ་གཉེར་བྱེད་བཞིན་པ་ཞིག་མིན་ལ། དོན་དངོས་སུ་ཁོ་རང་ཚོས་ཁྱོན་ཡོངས་ལ་སློབ་སྦྱོང་བྱེད་བཞིན་ཡོད། ཅེས་བཤད།ཁོས་མུ་མཐུད་དུ་འགྲེལ་བརྗོད་བྱས་དོན། ཧྭ་ཧྥོ་སློབ་ཆེན་དུ་སློབ་སྦྱོང་དང་འབྲེལ་ནས་མ་འོངས་པའི་བྱ་བ་ལ་དོ་སྣང་དེ་འདྲ་མི་བྱེད། ཁྲིམས་ལུགས་དང་གསོ་རིག་ལ་སློབ་སྦྱོང་བྱེད་པའི་སློབ་མ་ཞིག་ཡིན་ན། ཐུན་མོང་གི་བསླབ་གཞི་མང་བོ་ཞིག་ལ་སློབ་སྦྱོང་བྱེད་དགོས་པར་མ་ཟད། མིའི་རིགས་རིག་གནས་དང་སྤྱི་ཚོགས་ཚན་རིག་ཁྲོད་ཀྱི་མཚན་ཉིད་རིག་པའང་དོན་གཉེར་བྱེད་དགོས།  དོན་དངོས་སུ་ང་ཚོས་སྒྲུབ་བཞིན་པ་ནི་སློབ་མས་བསླབ་གཞི་མི་འདྲ་བ་དང་ཤེས་རིག་མི་འདྲ་བའི་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་སློབ་རྒྱུ་དེ་ཡིན་ལ། ནུས་པ་ཡོད་པའི་སྒོ་ནས་མུ་མཐུད་སློབ་སྦྱོང་བྱེད་རྒྱུ་དེའང་ཡིན།སློབ་གཙོས་མུ་མཐུད་བཤད་རྒྱུར། ཧྭ་ཧྥོ་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་ནས་མཐར་ཕྱིན་པའི་སློབ་མ་ལ་ལ་སློབ་ཆེན་དང་སྤྱི་གཉེར་ཁང་དུ་བསྐྱོད་པ་དང་། ལ་ལ་སྤྱི་ཚོགས་ཀྱི་ལས་གཞིར་ཞུགས། བརྒྱ་ཆའི་སུམ་ཅུ་ཡན་གྱི་སློབ་མ་རང་ཉིད་ཀྱི་ཆེད་གཉེར་ལས་རིམ་དུ་ཡོད། ཁོ་ཚོ་དང་འདྲ་བར་གསོ་རིག་ཆེད་གཉེར་གྱི་སློབ་མ་ཉུང་ཤས་སློབ་མཐར་ཕྱིན་རྗེས། རང་གིས་བྱ་བ་ཅི་ཞིག་གཉེར་དགོས་པ་རྟོགས་ཀྱིན་ཡོད། འོན་ཀྱང་ཁྱོད་ཚོས་ཁོ་རང་ཚོ་ཕུལ་བྱུང་མ་རེད་ཅེས་བརྗོད་མི་རུང་། ཁོ་ཚོས་སློབ་སྦྱོང་བྱེད་པའི་ཐབས་ཤེས་དང་གནད་དོན་ཐག་གཅོད་བྱེད་སྟངས་ཁོང་དུ་ཆུད་ཡོད། འདི་ནི་ད་གཟོད་སློབ་ཆེན་ཞིག་གིས་སློབ་མ་རྣམས་ལ་སྤྲོད་དགོས་པའི་དངོས་པོ་དེ་རེད། ཅེས་གསལ་བརྗོད་བྱས་སོ།།