ཁྱེད་ཀྱི་གནས་ཡུལ་ནི།  མདུན་ཤོག > དཔར་སྐྲུན།

གནའ་དཔེ་དང་གསར་རྩོམ་པར་སྐྲུན་བྱེད་པའི་དམིགས་ཡུལ།

སྤེལ་དུས། 2013-03-08 20:37:56  ཁུངས། ངེད་དྲ་བ།  རྩོམ་པ་པོ། ཤེས་རིག་གླིང་།  རྡེབ་ཚད། 

སྔོན་བྱོན་མཁས་པའི་བཀའ་རྩོམ་ཁྲོད། ད་ལྟ་དཔེ་རྒྱུན་ཆད་ལ་ཉེ་བ་རྣམས་ཀྱི་སྲོག ཟུངས་ཡུན་རིང་དུ་བསྲིངས་པ་ནི་ང་ཚོ་ཕྱི་རབས་པའི་འོས་འགན་དང་། ཁ་ཚ་དགོས་གཏུགས་ཀྱི་སྒྲུབ་དགོས་པ་རང་ཅག་གི་ལས་འཕྲོར་བཞག་ཡོད། དེ་བས་ང་ཚོས་ཉིས་སྟོང་བཞི་ནས་བཟུང་། དེའི་སྐོར་པར་འདེབས་ཀྱི་དབུ་ཚུགས་པར་མ་ཟད། མེད་པ་ཁ་སྐོང་གི་ཚུལ་དུ་ཕྱི་ཐོགས་མཁས་པའི་གསུང་རྩོམ་རྣམས་ཡང་། ལོ་རེ་བཞིན་མ་དངུལ་ཆ་ཚང་བཏང་ནས་པར་སྐྲུན་གྱི་བྱ་ལས་གཉེར་མཁན་བཞིན་ཡོད་པས། བོད་ཀྱི་རིག་གནས་ལ་ཤ་ཞེན་ཆེ་བ་དག་གིས་དེའི་རིགས་ང་ཚོ་ལ་བསྐུར་གནང་ངམ་འབྲེལ་གཏུགས་བྱས་ན། ང་ཚོས་གདམ་གསེས་བརྒྱུད་པར་སྐྲུན་བྱེད་པའམ་བསྐྱར་པར་བྱས་ཏེ་སྤྱི་ཚོགས་སྟེང་འགྲེམས་སྤེལ་བྱེད་རྒྱུ་ཡིན། རྩོམ་པ་པོ་དང་དཔེ་རྙིང་མཁོ་སྤྲོད་བྱེད་མི་ལ་བརྒྱ་ཆའི་སུམ་ཅུ་ཡན་གྱི་དཔེ་ཆ་སྟེར་རྒྱུ་ཡིན།